གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ།  སྤེལ་དུས། ༢༠༡༧ལོའི་ཟླ་བ་༡༢ཚེས་༢༡ཉིན།

གསོ་རིག་རིག་གནས་སྐུལ་སྤེལ་གྱི་བྱེད་སྒོ་སྤེལ་བ།

  
           ཉེ་བའི་ལོ་ཤས་རིང་།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་གསོ་རིག་སྨན་རྫས་རིག་གནས་རྒྱུན་འཛིན་དང་གོང་འཕེལ་གཏོང་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། "ཀྲུང་ལུགས་གསོ་རིག་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་གང་ཐུབ་བྱ་རྒྱུ"གསལ་བོར་བཏོན་པར་མ་ཟད། རྒྱལ་ཁབ་འཐབ་ཇུས་ཀྱི་ཚད་མཐོས་ཀྲུང་ལུགས་གསོ་རིག་སྨན་རྫས་བྱ་གཞག་འཕེལ་རྒྱས་ཡོང་བར་ཕྱོགས་ཡོངས་ཀྱི་ཇུས་འགོད་བྱེད་པ་དང་མ་ལག་བཀོད་སྒྲིག་བྱས་ཤིང་། གནས་བབ་གསར་བའི་འོག་ཀྲུང་ལུགས་གསོ་རིག་གི་བྱ་གཞག་དར་རྒྱས་ཡོང་བར་མཛུབ་སྟོན་བསམ་བློ་དང་དམིགས་འབེན་གྱི་ལས་འགན་ཁ་གསལ་བྱསཏེ་ཀྲུང་ལུགས་གསོ་རིག་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཟླ12པའི་ཚེས16ཉིན་གྱི་སྔ་དྲོ། "ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་བཅའ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས། བོད་ལུགས་གསོ་རིག་གི་བདེ་ཐང་རིག་གནས་བརྒྱུད་བསྒྲགས་དང་། མང་ཚོགས་ཀྱི་བདེ་ཐང་བྱང་ཚད་མཐོ་རུ་གཏོང"ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི"ཀྲུང་ལུགས་གསོ་རིག་གི་ཀྲུང་གོའི་བྱ་འགུལ·བོད་ལུགས་གསོ་རིག་གི་བདེ་ཐང་རིག་གནས་སྐུལ་སྤེལ་གྱི་བྱ་སྤྱོད"ཞེས་པའི་བོད་ལྗོངས་ཀྱི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་དེ་ལྷ་ས་གྲོང་ཁྱེར་གྲོང་མིའི་ཞབས་ཞུ་ལྟེ་གནས་ཀྱི་ཐང་ཆེན་དུ་འཚོགས།  
           རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུས་དང་། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་། བོད་ཀྱི་ས་ཁུལ(གྲོང་ཁྱེར)འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་དང་། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་དང་རྫོང(ཆུས)ཁག་གི་གསོ་རིག་སྨན་རྫས་ལས་ཀར་ལས་བགོས་འགན་གཉེར་གྱི་འབྲེལ་ཡོད་འགན་ཁུར་བ་བཅས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
           རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུས་སྲིད་ཇུས་ཁྲིམས་སྲོལ་དང་ལྟ་སྐུལ་སིའི་སི་ཀྲང་ཡུས་ཧའེ་དབྱང་གིས་འགོ་འཛུགས་མཛད་སྒོའི་སྟེང་བཤད་རྒྱུར། "‘ཀྲུང་ལུགས་གསོ་རིག་གི་ཀྲུང་གོའི་བྱ་འགུལ·བོད་ལུགས་གསོ་རིག་གི་བདེ་ཐང་རིག་གནས་སྐུལ་སྤེལ་གྱི་བྱ་སྤྱོད’ ཅེས་པ་སྤེལ་ཚེ། མི་རྣམས་ལ་བོད་ལུགས་གསོ་རིག་གི་ཤེས་བྱ་དང་བྱེད་ཐབས་བཀོལ་ནས་འཚོ་བ་སྐྱེལ་སྟངས་བསྒྱུར་བར་སྣེ་ཁྲིད་བྱེད་པར་ཕན་པར་མ་ཟད། མང་ཚོགས་ཀྱི་བདེ་ཐང་བྱང་ཚད་དང་གཟུགས་གཞིའི་ཐང་ཚད་མཐོ་རུ་གཏོང་རྒྱུ་དང་། ད་དུང་སྤྱི་ཚོགས་ཡོངས་ནས་བོད་ལུགས་གསོ་རིག་དང་བོད་སྨན་གོང་འཕེལ་འགྲོ་བར་ཕན་ཐོགས་ཡོད་པར་ཕྱོགས་ཡོངས་ནས་ཁས་ལེན་དང་ངོས་འཛིན་ཟབ་མོ་བྱུང་བར་ཕན་ཞིང་། སྤྱི་ཚོགས་ཡོངས་ཀྱིས་བོད་ལུགས་གསོ་རིག་གི་བྱ་གཞག་སྔར་བས་འཕེལ་རྒྱས་སུ་འགྲོ་བར་ཐུགས་ཁུར་དང་རྒྱབ་སྐྱོབ་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པ་དང་། དེ་བས་ཀྱང་གྲངས་ཉུང་མི་རིགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་དང་མི་རིགས་ཁག་མཐུན་སྒྲིལ་འཆམ་མཐུན་ཡོང་བར་ཕན་ཐོགས་ལྡན། ’"ཞེས་བཤད། 
           ངོ་སྤྲོད་བྱས་པར་གཞིགས་ན། 2017ལོའི་ཟླ7པའི་ཚེས1ཉིན་《 ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་བཅའ་ཁྲིམས》དངོས་སུ་ལག་བསྟར་བྱས་པ་ནས་བཟུང་། རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུས་སོགས་སྡེ་ཚན24ཡིས་པེ་ཅིང་དུ"ཀྲུང་ལུགས་གསོ་རིག་ཀྲུང་གོར་བསྐྱོད་པ"ཡི་དུས་རིམ་གསུམ་པའི་བྱ་འགུལ་ཏེ། ཀྲུང་ལུགས་གསོ་རིག་གི་བདེ་ཐང་རིག་གནས་སྐུལ་སྤེལ་གྱི་བྱ་སྤྱོད་དངོས་སུ་སྤེལ་མགོ་ཚུགས་ཤིང་། མིག་སྔར་བྱེད་སྒོ་འདི་རྒྱལ་ཡོངས་ཀྱི་ཞིང་ཆེན28(ལྗོངས་དང་གྲོང་ཁྱེར)དུ་བསྐྱོད་དེ་ཕན་ཁེ་ཐོབ་པའི་མང་ཚོགས་མི་གྲངས་ཁྲི55ལས་བརྒལ་བ་ཡོད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1