ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་2018ལོའི་ཟླ་དང་པོར་ཚོགས་རྒྱུ་རེད།

མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-21


        ཞིང་ཆེན་ཏང་ཨུའི་གྲོས་འཆམ་བརྒྱུད། ཞིང་ཆེན་སྲིད་གྲོས་ཀྱི་གྲོས་ཚོགས་ཐེངས་དང་པོ་2018ལོའི་ཟླ་དང་པོའི་ཟླ་སྨད་དུ་ཚོགས་བྱ་རྒྱུ་ཡིན་པ་དང་། ཚོགས་ཡུན་ཉིན་དྲུག་ཡིན་པ་རེད། ཟླ་12པའི་ཚེས་19ཉིན། ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་བོའི་གྲ་སྒྲིག་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་ཁྲེང་ཏུའུ་ནས་འཚོགས་ཏེ། འབྲེལ་ཡོད་ཀྱི་ལས་ཀར་ཞིབ་འཇུག་བཀོད་སྒྲིག་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུན་ཕིང་གིས་ཚོགས་འདུ་ལ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་།
        ཁོ་ཙུན་ཕིང་གིས་མི་འགྱངས་བར་ཚོགས་གྲབས་ཡོད་པའི་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་དེ་ནི། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་གྱི་ཐེངས་བཅུ་གཅིག་པའི་ཏང་འཐུས་ཚོགས་ཆེན་དང་ཞིང་ཆེན་གྱི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པ། ཏང་ཤོག་ཚོགས་པ་དང་ལས་རིགས་ཁག་གི་མི་སྣ་རྣམས་ཀྱིས་བསམ་བློ་དང་བྱ་སྤྱོད་གཉིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐབ་ཇུས་བཀོད་སྒྲིག་གི་ཐོག་ཏུ་འབེབ་པར་སྣེ་ཁྲིད་བྱེད་པ། སི་ཁྲོན་དར་རྒྱས་གཏོང་བའི་དམིགས་འབེན་ལས་འགན་གྱི་སྟེང་དུ་གཅིག་བསྡུས་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་ལོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྣེ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། དོན་དངོས་ཐོག་འགན་འཁྲིའི་བསམ་པ་དང་ལས་སྒྲུབ་བསམ་པ་ཤུགས་ཆེར་བཏང་སྟེ། ཆབ་སྲིད་གླེང་བ་དང་ཁྱོན་ཡོངས་གླེང་བ། གྲ་སྒྲིག་ལས་དོན་ཁག་ཞིབ་ཕྲས་བསྒྲུབ་ནས། ཚོགས་འདུ་བདེ་ལེགས་ངང་ཚོགས་པར་ཁག་ཐེག་བྱ་དགོས་ཞེས་བསྟན།
        ཁོ་ཙུན་ཕིང་གིས་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་དང་འབྲེལ་བའི་ནང་དོན་མང་བ་དང་གོ་རིམ་གྱི་འབྲེལ་ཚད་མཐོ་བ། དུས་ཚོད་ཐུང་ཞིང་ལས་འགན་ལྕི་བ་དང་འགན་འཁྲི་ཆེ་བས། གྲ་སྒྲིག་ཚན་ཆུང་གིས་བློ་སེམས་རྩེ་གཅིག་ཏུ་བསྡུ་བ་དང་ནུས་ཤུགས་ཡོད་རྒུ་བཏོན་ནས། དོན་དངོས་ཐོག་གྲོས་ཚོགས་ལ་གྲ་སྒྲིག་ཡག་པོ་དང་། རྩ་འཛུགས་བཟང་བོ། སྣེ་ཁྲིད་བཟང་བོ། ཞབས་ཞུ་བཟང་བོ་བཅས་བྱས་ནས། ཞིང་ཆེན་ཏང་ཨུར་བློ་བདེ་རུ་འཇུག་པ་དང་། ཨུ་ཡོན་རྣམས་ཡིད་ཚིམ་པ། སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་ངོས་ལེན་ཐོབ་དུ་འཇུག་དགོས། གཙོ་གནད་འབུར་དུ་ཐོན་པར་བྱས་ནས་གྲོས་ཚོགས་ཀྱི་ཡིག་ཆ་གྲ་སྒྲིག་ལེགས་པོ་བྱེད་པ་དང་། གྲོས་ཚོགས་ཀྱི་སྒྲིག་ལམ་དམ་འཛིན། གྲོས་ཚོགས་ཀྱི་ལས་དོན་ལ་འགན་སྲུང་བྱེད་པར་ཤུགས་སྣོན། དྲིལ་སྒྲོག་དང་སྣེ་ཁྲིད་ལ་ཤུགས་སྣོན་པ་བཅས་བྱས་ནས་གྲ་སྒྲིག་ལས་ཀ་ཁག་ལེགས་པོར་བསྒྲུབ་དགོས་པར་མ་ཟད། འགོ་ཁྲིད་ལ་ཤུགས་སྣོན་དང་དོན་འཁྱོལ་དམ་དུ་འཛིན་པ་དང་། ལྟ་སྐུལ་དང་འགན་འཁྲི་བདའ་འདེད་ཤུགས་ཆེར་གཏོང་བ། བརྒྱུད་རིམ་ཚོད་འཛིན་ལ་དོ་སྣང་བཅས་བྱས་ནས་འགྲོས་ཚད་དང་སྤུས་ཚད་ལ་ཁག་ཐེག་བྱ་དགོས་ཞེས་བསྟན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1