ཀྲུང་གོ་བོད་ཀྱི་རི་མོའི་ཕ་ཡུལ་གྱིས་ཐང་གའི་སྤུས་ཚད་ཆ་འཕྲིན་ཁུངས་འདེད་མ་ལག་བཙུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 12-25


        ཟླ་12ཚེས་20ཉིན། ཀྲུང་གོའི་གསར་འགྱུར་ཁང་གི་གསར་འགོད་པས་མཚོ་སྔོན་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་དོ་དམ་ཨུ་ལྷན་ནས་ཤེས་རྟོགས་བྱུང་གསལ། ས་གནས་དེ་གས་ལས་ཁུངས་ཕྱོགས་གསུམ་པར་མངགས་བཅོལ་བྱས་ནས་ཐང་གའི་གཏེར་རྒྱུའི་ཚོན་རྫས་ལ་གསལ་འབྱེད་བྱེད་འགོ་ཚུགས་པ་མ་ཟད། ཐང་གའི་སྤུས་ཚད་ཆ་འཕྲིན་ཁུངས་འདེད་མ་ལག་ཀྱང་བཙུགས་པ་རེད། 
        མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་རོང་བོ་དགུ་ཆུའི་རྒྱུད་ལ་རེབ་གོང་ཞེས་འབོད་པ་དང་། དེ་ལ་རེབ་གོང་གསེར་མོ་ལྗོངས་ཀྱང་འབོད་ཅིང་། ཀྲུང་གོའི"བོད་ཀྱི་རི་མོའི་ཕ་ས"ཞེས་མཚན་སྙན་གྲགས་པ་རེད། ས་གནས་དེ་གས་ཐང་ག་གཙོ་བོ་བྱེད་པའི་རེབ་གོང་གི་སྒྱུ་རྩལ་ལ་བརྟེན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་ཚན་རིག་གསུམ་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཀྱི་མིང་ཐོ་རུ་བཀོད་ཡོད་པ་རེད། 
        མཚོ་སྔོན་ཞིང་ཆེན་ཐང་ག་སྒྱུ་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་བསམ་འགྲུབ་ཀྱིས"སྔོན་ཆད་ཀྱི་ཐང་ག་སྒྱུ་རྩལ་དངོས་རྫས་ཚོང་རར་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད་པ་དང་ཆབས་ཅིག ཐང་ག་སྤུས་ཞན་བརྫུས་མ་ཡང་མཚམས་རེར་བྱུང་གི་ཡོད་པས། དེའི་ཕྱིར་ཚན་རིག་གི་དཔྱད་ཆས་ལ་བརྟེན་ནས་ཕན་ནུས་ལྡན་པའི་སྒོ་ནས'ཐང་ག་བསྐྱར་པར་བརྒྱབ་པ'དང་དེ་བཞིན་རི་མོ་འབྲི་བའི་ཚོན་རྫས་སྤྱིར་བཏང་པས་གཏེར་རྒྱུ་ཚོན་རྫས་ཀྱི་ཚབ་བྱས་པའི་གནས་ཚུལ་ཞིབ་དཔྱད་ཚད་ལེན་བྱེད་ཐུབ"ཅེས་བསྟན་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1