ཉག་རོང་རྫོང་གི་ཡུལ་སྐོར་འཕེལ་རྒྱས་ཀྱི་བགྲོ་གླེང་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-25


        གངས་ལྗོངས་ཉི་གཞོན་དྲ་བའི་འཕྲིན།སྤྱི་ཟླ་12པིའ་ཚེས་25ཉིན།  ཉག་རོང་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་དམར་པོ་ཁམས་ཏེ་དཀར་མཛེས་ལྟེ་གནས་ཡུལ་སྐོར་མཐོ་ས་ཞེས་པའི་བགྲོ་གླེང་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས། བགྲོ་གླེང་ཚོགས་འདུའི་སྟེང་རྒྱལ་ནང་གི་རིག་གནས་དང་བོད་རིག་པ། དམངས་སྲོལ་རིག་པ་སོགས་ཀྱི་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་། གཞན་རྒྱལ་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་ཀྱི་འགན་འཛིན་པ་སོགས་གདན་ཞུ་བྱས་ཏེ་ཉོག་རོང་རྫོང་གི་ཡུལ་སྐོར་འཕེལ་རྒྱས་ལ་བགྲོ་གླེང་དང་མཛུབ་སྟོན་གནང་། 
        གྲོས་ཚོགས་ཉག་རོང་གི་ལོ་རྒྱུས་དང་རིག་གནས། ཐོན་ཁོངས་སོགས་ལ་དཔྱད་གླེང་བྱས་པ་བརྒྱུད། གོམ་གང་མདུན་སྤོས་སྐོས་ཉག་རོང་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ཁོངས་སྔོག་འདོན་བྱས་ཏེ་ཉོག་རོང་རྫོང་དེ་དཀར་མཛེས་ཁུལ་ཡོངས་ཀྱི་ཡུལ་སྐོར་གྱི་སྦྲེལ་མཚམས་དང་རིག་གནས་ཡུལ་སྐོར་གྱི་དཀྱིལ་སྙིང་དུ་འཛུགས་སྐྲུན་བྱ་དགོས་པའི་དགོངས་འཆར་བཏོན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1