ཐེ་ལན་དི་ཡི་སྔོན་གྱི་ཙུང་ལི་དབྱི་ལཱ་ཧྥ་རན་སི་རུ་རང་གི་གཅེན་པོ་ཐཱ་ཤིན་གྱི་སྐྱེས་སྐར་རོལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-29


      བསྒྲགས་པའི་གནས་ཚུལ་ལྟར་ན། ཟླ་འདིའི་ཚེས་24ཉིན་གྱི་དགོང་མོའི་ཆུ་ཚོད་12དང་སྐར་མ་9ཡི་སྟེང་།  ཐེ་ལན་དི་ཡི་སྔོན་གྱི་ཙུང་ལི་དབྱི་ལཱ་ཐེ་ལན་དི་ཡི་མཁའ་འགྲུལ་ཨང་རྟགས་TG930པར་བསྡད་དེ་ཧྥ་རན་སིའི་རྒྱལ་ས་ཕེ་རིས་སུ་སོང་།   འདི་ནི་ཐེ་ལན་དི་ཡི་སྲིད་དབང་དམག་ཕྱོགས་ཀྱིས་བཟུང་ཚུན།  དབྱི་ལཱ་ཐོག་མར་ཕྱི་གླིང་དུ་སྐྱོད་པ་རེད།     དེ་སྔོན་དབྱི་ལཱས་ཐེངས་འདིར་ཕྱི་གླིང་ལ་སྐྱོད་དོན་ནི་བཙན་བྱོལ་གྱི་ཆེད་དུ་མིན་པར། ཁམས་གསེང་ཙམ་ཡིན་ཞེས་གསལ་བསྒྲགས་གང་མང་བྱས།     ད་ཐེངས་ཡོ་རོབ་གླིང་དུ་སྐྱོད་པར་ད་དུང་ཁོ་མོའི་བུ་ཕྲུག་ཀྱང་ཁྲིད་འདུག་པས།   ཅ་དངོས་མང་པོ་བསྡུ་གསོག་བྱས་ཡོད། ཁོ་མོས་ཟླ་བ་8པའི་ཚེས་10ཉིན་སླར་ཐི་ལི་དན་དུ་ལོག་རྒྱུ་ཡིན་ཞེས་ཐེངས་མང་པོར་ནན་བཤད་བྱས།།


 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1