ཕྱག་ཕྲེང་རྫོང་གིས་མཚན་མོ་སློབ་གྲྭ་བཙུགས་ནས་ཞིང་འབྲོག་མང་ཚོགས་ལ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཀུན་དགས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-29


 
      ཉེ་ཆར། ཕྱག་ཕྲེང་རྫོང་གཙོད་རྭ་གྲོང་སྡེ་ཡིས་རྫོང་དང་ཤང་རིམ་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་སྐོར་གྱི་འབྲེལ་ཡོད་བླང་བྱ་ལག་ལེན་ཧུར་ཐག་བྱས་ཏེ་གྲོང་སྡེའི་ནང་བཅའ་སྡོད་བྱེད་པའི་ལས་སྒྲུབ་ཚོ་ཆུང་དང་ཧྲུའུ་ཅི་དང་པོ། གྲོང་སྡེའི་ལས་བྱེད་པ་སོགས་ཀྱི་སྟོབས་ཤུགས་སྙོམས་སྒྲིག་བྱས་ནས་གཙོད་རྭ་གྲོང་སྡེ་རུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་མཚན་མོ་སློབ་གྲྭའི་གསོ་སྦྱོང་འཛིན་གྲྭ་བཙུགས་པ་རེད།
      གསོ་སྦྱོང་ཚོགས་འདུའི་ཐོག་སློབ་ཁྲིད་དགེ་རྒན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་པར་འཆར་འགོད་ཆེན་པོ་བཟོས་ཤིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་མདུན་སྐྱོད་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད་ཅིང་། ཏང་གིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཕུན་སུམ་ཚོགས་པོ་དང་འཕེལ་རྒྱས་སྔར་ལས་ལྷག་པར་བྱས་ཡོད་པ་སོགས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་སྟོན་ཞིབ་ཕྲའི་ངང་གསལ་བཤད་བྱས་པ་རེད།
      སྒྲོག་འགྲེལ་ལ་ཉན་རྗེས། ཞིང་འབྲོག་མང་ཚོགས་ཀྱི་གཅིག་རྗེས་གཉིས་མཐུད་དུ་ད་ཐེངས་ཀྱི་སློབ་སྦྱོང་ལས་ང་ཚོའི་ཤེས་རྒྱ་ཆེ་རུ་སོང་ཡོད་ལ་འདུ་ཤེས་ཇེ་ཆེར་ཕྱིན་ཡོད་ཅིང་།རྒྱལ་ཁབ་ཀྱི་སྲིད་ཇུས་ལ་སྔར་ལས་ཤེས་རྟོགས་ཞིབ་ཕྲ་ཐུབ་ཡོད་པ་དང་རང་ཉིད་ཀྱི་བསམ་བློའི་ངོས་འཛིན་ཡང་ཇེ་ཆེར་སོང་ཡོད་པ་རེད་ཅེས་བཤད་པ་རེད།
      གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལྕགས་རྒྱས་སྒྲོག་འགྲེལ་ལ་ཉན་རྗེས་སེམས་འགུལ་ཐེབས་པའི་ངང་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ལས་ངོ་མ་རྟོགས་པ་མི་དམན་པ་ཐོབ་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ལས་ང་ཚོ་གཙོད་རྭ་གྲོང་སྡེའི་དབུལ་ཐར་ལས་དོན་ལ་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་སྦྱིན་བྱུང་། སླད་ཕྱིན་ང་ཚོ་ཚང་མས་ངར་ཤུགས་གཅིག་སྒྲིལ་གྱིས་བསམ་བློ་བཏང་ནས་ཕ་ཡུལ་འཛུགས་སྐྲུན་བྱས་ན་འཚོབ་ཉིན་རེ་ལས་ཉིན་རེར་ཡག་པོ་གྱུར་ངེས་རེད་ཅེས་བཤད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1