སི་ཁྲོན་གྱི་མི་རིགས་ས་ཁུལ་གྱི་ཐོག་མའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-02


        སྤྱི་ཟླ་12པའི་ཚེས་29ཉིན། འབར་ཁམས་ནས་སི་ཁྲོན་ཞིང་ཆེན་གྱི་མི་རིགས་ས་ཁུལ་གྱི་ཐོག་མའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་བཙུགས་ཤིང་།  ཞིང་ཆེན་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། རྔ་བ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཙུའོ་མིང་དང་། ཁུལ་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀུའུ་ཡུན་ལུང་གིས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལ་སྒོ་བྱང་བཀལ། 
        རྔ་བ་ཁུལ་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག རྔ་བ་ཁུལ་ཨུའི་རྒྱུན་ཨུ་དང་། ཁུལ་སྒྲིག་བཤེར་ཨུའི་ཧྲུའུ་ཅི་ཡུས་ཙའེ་ཀང་ལ་འདེམ་ཤོག་ཆ་ཚང་འཕངས་བས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཐོག་མའི་ཀྲུའུ་རེན་ལ་བདམས་ཐོན་བྱུང་། འཐུས་མི་ཚང་མའི་བདེན་དཔང་འོག བློ་མཐུན་ཡུས་ཙའེ་ཀང་གིས་བརྗིད་ཉམས་ལྡན་པའི་རྩ་ཁྲིམས་དམ་བཅའ་བཞག 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1