ཨ་མེ་རི་ཁ་དང་དབྱིན་ཇི། འཇར་མན། ཧྥ་རན་སི། ཨི་ཐ་ལི་བཅས་རྒྱལ་ཁབ་ལྔས་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་གསར་བ་ལག་བསྟར་བྱེད་པར་གཅིག་མཐུན་བྱུང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-31


        ཨ་རིའི་ཕོ་བྲང་དཀར་པོས་ཚེས་28ཉིན་སྤྱི་བསྒྲགས་སྤེལ་བ་ལྟར་ན།     ཨ་རིའི་སྲིད་འཛིན་ཨོ་པཱ་མཱ་ཡིས་ཉིན་དེར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་དང་འཇར་མན་གྱི་ཙུང་ལི་མའོ་ཁེ་ཨར། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི།    ཨི་ཐ་ལིའི་ཙུང་ལི་ལོན་ཆི་བཅས་དང་གཟུགས་ལམ་ཁ་པར་གྲོས་ཚོགས་འཚོགས་ཏེ།    ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་གསར་བ་ལག་བསྟར་བྱེད་པར་གཅིག་གྱུར་གྲོས་མཐུན་འགོད་པའི་བསམ་ཚུལ་མཐུན་སྦྱོར་བྱས།
       རྒྱལ་ཁབ་ལྔ་པོས་མ་ལེ་ཞི་ཡའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ལ་རྟོག་ཞིབ་བྱེད་པར་བཀག་རྒྱ་ཐེབས་པའི་གནས་ཚུལ་འོག་ཡུག་རེན་ཉམས་ཉེན་གྱི་གནས་ཚུལ་གསར་པར་གྲོས་བསྡུར་བྱས།  ཕོ་བྲང་དཀར་པོས་བཤད་རྒྱུར།   རྒྱལ་ཁབ་ལྔ་ཡིས་རྒྱལ་སྤྱིའི་རྟོག་ཞིབ་མི་སྣས་ངེས་པར་དུ་བཀག་རྒྱ་མེད་པའི་སྒོ་ནས་གནམ་གྲུ་སར་ལྷུང་སའི་ཡུལ་དངོས་སུ་རྟོག་ཞིབ་བྱེད་དགོས་པ་ནན་བཤད་བྱས།   རྒྱལ་ཁབ་ལྔ་ཡིས་བལྟས་ན།   གནམ་གྲུ་སར་ལྷུང་བའི་དོན་རྐྱེན་བྱུང་རྗེས།   ཨུ་རུ་སིའི་མཚོན་ཆ་དང་སྒྲིག་ཆས།         འཐབ་འཛིང་གནམ་གྲུ་བཅས་མུ་མཐུད་དུ་ཡུག་རེན་དུ་དར་བཞིན་ཡོད་པ་དང་།    རྒྱལ་ཁབ་ལྔ་ཡིས་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་གསར་བ་སྤྱོད་པའི་ཐད་ནས་བསམ་ཚུལ་མཐུན་སྦྱོར་བྱས་ཏེ།   ཨུ་རུ་སི་ཡིས་ཡུག་རེན་གྱི་བརྟན་འཇགས་ལ་གཏོར་བརླག་གཏོང་མཚམས་འཇོག་སྟེ་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱ་དགོས་པའི་སྐུལ་མ་བཏང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1