༄༅།། གང་འདྲ་ཞིག་ལ་རང་ཉེས་ངོས་ལེན་ཟེར་རམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 01-03


        ཉེས་ཅན་པས་ནག་ཉེས་བསགས་རྗེས། རང་ཉེས་ངོས་ལེན་ཞུས་ན། བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཉེས་ཆད་ཡང་དུ་གཏོང་ཆོག་ཅིང་། གལ་ཏེ་བསགས་པའི་ཉེས་པ་ཚབས་ཆེན་པོ་མེད་ན་ད་དུང་ཉེས་ཆད་མེད་པར་བཟོ་ཆོག
        མི་མི་ཉུང་བ་ཞིག་གིས་ནག་ཉེས་བསགས་རྗེས་རང་འགུལ་ངང་ཁྲིམས་འཛིན་ལས་ཁུངས་སུ་ངོས་ལེན་ཞུས་པ་དེ་རང་ཉེས་ངོས་ལེན་ཞུས་པར་བརྩི་བ་ནི་ཕྱོགས་རེ་བའི་ལྟ་བ་ཙམ་རེད། བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། རང་ཉེས་ངོས་ལེན་ཞུ་བར་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་གསུམ་ཡོད། ནག་ཉེས་བསགས་རྗེས་རང་འགུལ་ངང་ངོས་ལེན་ཞུ་དགོས་པ་མ་ཟད། ད་དུང་གཤམ་གསལ་གྱི་ཆ་རྐྱེན་གཉིས་འཛོམ་དགོས།
        གཅིག ངོས་ལེན་ཞུས་རྗེས་ཁྲིམས་འཛིན་ལས་ཁུངས་ལ་རང་གིས་བསགས་པའི་ཉེས་པ་ཇི་མ་ཇི་བཞིན་དུ་ཤོད་དགོས། ལྷག་པར་དུ་ནག་ཉེས་ཀྱི་དོན་དངོས་གཙོ་བོ་སྦ་གསང་མེད་པར་ངོས་ལེན་ཞུ་དགོས། མཉམ་བསགས་ནག་ཉེས་སུ་གཏོགས་ཚེ། ད་དུང་རང་གི་ངན་རོགས་སུ་ཡིན་པ་རྩིས་སྤྲོད་དགོས།
        གཉིས། ཁྲིམས་འཛིན་ལས་ཁུངས་ཀྱི་ཞིབ་བཤེར་དང་འདྲི་གཅོད་དང་ལེན་བྱེད་འདོད་པའི་བསམ་བློ་ཡོད་དགོས། གོང་གསལ་གྱི་ཆ་རྐྱེན་ལས་གང་རུང་ཞིག་མ་ཚང་ན། ཉེས་ཅན་གྱིས་རང་ཉེས་ངོས་ལེན་ཞུས་པར་བརྩི་མི་ཆོག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1