༄༅།། སྣ་ཁྲག་གཅོད་ཐབས་འགའ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སྐད་ཕྲན། སྤེལ་དུས། 01-03


        མི་རྣམས་ཀྱིས་སྣ་ཁྲག་བཞུར་བ་མཐོང་མ་ཐག་ཏུ་དངངས་སྐྲག་སྐྱེ། སྣ་ཁྲག་བཞུར་བ་དེ་དངོས་གནས་སུན་སྣང་སྐྱེ་དགོས་པ་ཞིག་ཡིན་རུང་། སྣ་ཁྲག་གཅོད་རྒྱུ་དེའང་དེ་འདྲའི་དཀའ་མོ་ཞིག་མིན། སྣ་ཁྲ་བཞུར་བའི་རྒྱུ་རྐྱེན་གསལ་བོ་ཤེས་ནས་སྨན་བཅོས་བྱས་ན་བློ་མི་བདེ་བ་བྱེད་དགོས་དོན་མེད།
        སྣ་ཁྲག་བཞུར་སྐབས་ཚབས་ཆུང་ན་སྣབས་ལུད་ནང་དུ་ཁྲག་འདྲེས་པ་དང་། ཚབས་ཆེ་ན་ཁྲག་མི་ཆོད་པར་བཞུར། དེར་རྒྱུ་རྐྱེན་གཙོ་བོ་གཉིས་ཡོད་དེ། གཅིག་ནི་སྣ་ལ་རྨས་སྐྱོན་བྱུང་བའམ་སྣ་ལ་ནད་ཡོད་པ། གཞན་ཞིག་ནི་སྙིང་དང་གློ་བ། ཕོ་བ། རྒྱུ་མ་བཅས་ཀྱི་ཚ་དྲོད་ཆེ་དྲགས་ནས་སྣའི་ཁྲག་རྩ་བརྡོལ་བ་ཡིན། དེ་མིན་གཟུགས་པོ་ཡོངས་ཀྱི་ནད་རིགས་དཔེར་ན་ཁྲག་ཤེད་མཐོ་བའི་ནད། འཕར་རྩ་རེངས་འགྱུར་གྱི་ནད། ཁྲག་ནད། ཟླ་མཚན་མི་འབབ་པའི་ནད་སོགས་ཀྱི་དབང་གིས་སྣ་ཁྲག་བཞུར་བའང་འབྱུང་སྲིད། རྒྱུ་རྐྱེན་སྣ་ལ་ཐུག་ཡོད་ན་ཕྱི་མའི་ཁྲག་གཅོད་ཐབས་ལྟར་སྨན་བཅོས་བྱས་ན་ཆོག་པ་དང་། ཁོང་ནད་ལ་ཐུག་ཡོད་ན་ནད་རིགས་སོགས་སོ་སོ་རྒྱུ་རྐྱེན་དང་བསྟུན་ནས་སྨན་བཅོས་བྱས་ཆོག ཚང་མས་དུས་ཐོག་ཏུ་ལག་བསྟར་བྱེད་ཐུབ་ཆེད་འདི་གར་ལས་སླ་ཞིང་ཕན་ཐོག་ཆེ་བའི་ཁྲག་གཅོད་བྱེད་ཐབས་འགའ་ངོ་སྤྲོད་གཤམ་གསལ། 
༡རྐང་མཐིལ་ལ་བསྐུ་བྱུག་བྱེད་པ། 
        སྣ་ཁྲག་བཞུར་སྐབས་མྱུར་དུ་སྒོག་པ་ཁེ་༤༠འདམ་ལྟར་བརྫིས་ནས་རྐང་མཐིལ་ལ་བྱུག་ན་འགྲིག་ཅིང་། སྣ་ཁུང་གཡས་པ་ནས་ཁྲག་བཞུར་ན་རྐང་མཐིལ་གཡོན་མར་བྱུག་པ་དང་། སྣ་ཁུངས་གཡོན་མ་ནས་ཁྲག་བཞུར་ཚེ་རྐང་མཐིལ་གཡས་པར་བྱུག་དགོས།
༢དཀྱིལ་འཛུབ་སྡོམ་པའི་ཐབས། 
        སྣ་ཁྲག་བཞུར་སྐབས་མྱུར་དུ་སྐུད་པས་དཀྱིལ་མཛུབ་ཀྱི་མཛུབ་རྩ་སྡོམ་ཐབས་བྱས་ཆོག་ཅིང་། སྣ་ཁུང་གཡོན་མ་ནས་ཁྲག་བཞུར་ན་ལག་པ་གཡས་པའི་དཀྱིལ་མཛུབ་ཀྱི་མཛུབ་རྩ་སྡོམ་ཐབས་བྱེད་དགོས་པ་དང་། སྣ་ཁུང་གཡས་པ་ནས་ཁརག་བཞུར་དུས་ལག་པ་གཡོན་མའི་དཀྱིལ་མཛུབ་ཀྱི་མཛུབ་རྩ་སྡོམ་ཐབས་བྱེད་དགོས།  གལ་སྲིད་སྣ་ཁུང་གཉིས་ཀ་ནས་ཁྲག་བཞུར་ན་དཀྱིལ་མཛུབ་གཉིས་ཀ་བསྡམ་ཆོག 
༣རྣ་བའི་ནང་ལ་ཕུ་འདེབས་པའི་ཐབས།
        སྣ་ཁྲག་བཞུར་འཕྲལ་མི་གཅིག་གིས་སྣ་ཁྲག་བཞུར་སའི་ཕྱོགས་ཀྱི་རྣ་གཤོག་ཡར་འཐེན་པ་དང་ཆབས་ཅིག གཞན་ཞིག་གིས་སྣ་ཁྲག་བཞུར་མཁན་གྱི་རྣ་བའི་ནང་ལ་ཕུ་ཐེངས་བཅུར་བཏབ་ན་ཡང་གཅོད་ཐུབ། 
༤སྲིང་བལ་འཇུག་པའི་ཐབས། 
        སྨན་སྤྱོད་སྲིང་བལ་ཚུའུ་ནང་དུ་བསྒྲེས་ནས་སྣ་ཁུང་ནང་ལ་བཅུག་ནའང་གཅོད་ཐུབ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1