མའོ་རྫོང་རི་མོ་བའི་བརྩམས་ཆོས་སི་ཁྲོན་དབུལ་སྐྱོར་བྱ་འགུལ་དུ་ཞུགས།

གཙུག་ཏོར་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-06


        ཉེ་ལམ། སི་ཁྲོན་ཞིང་ཆེན་རིག་གནས་ཐིན་གྱིས་བསྒྲུབས་པའི་རིག་གནས་དབུལ་སྐྱོར་ལ་དོ་ཁུར་དང་། ཕྱི་རབས་པ་གཅེས་སྐྱོང་ཞེས་པ་བརྗོད་གཞིར་བཟུང་བའི་སི་ཁྲོན་ཞིང་ཆེན་རིག་གནས་ཐིན་གྱི་ཁ་གཏད་དབུལ་སྐྱོར་སྡེ་བའི་ན་གཞོན་རི་མོ་བའི་བརྩམས་ཆོས་འགྲེམ་སྟོན་དང་དབུལ་སྐྱོར་འོས་འཚོང་བྱ་འགུལ་ཁྲིན་ཏུའུ་ནས་སྤེལ་ཞིང་། མའོ་རྫོང་ཡུ་ཧུ་ཡུལ་ཚོའི་ན་གཞོན་རི་མོ་བའི་བརྩམས་ཆོས་འོས་འཚོང་བྱ་འགུལ་དུ་ཞུགས། 
        འོས་འཚོང་ཁྲོད་ཞུགས་པའི་ན་གཞོན་རི་མོ་བའི་བརྩམས་ཆོས་བརྒྱ་དང་སོ་གཅིག་དེ་དུས་ཚོད་ཕྱེད་ཙམ་གྱི་རིང་ལ། ངོས་ལེན་མངགས་ཉོའི་ཚད་ནི་བརྒྱ་ཆའི་བརྒྱད་ཅུ་བརྒལ་བ་དང་། འགྲེམས་གཟིགས་གནང་མཁན་གྱི་མི་གྲངས་ཉིས་བརྒྱ་ལས་བརྒལ་བ་རེད།
        རྒྱུས་ལོན་པ་ལྟར་ན་ཐེངས་འདིའི་བརྩམས་ཆོས་འོས་འཚོང་བྱ་འགུལ་ཁྲོད་ཁེ་འབབ་ཡོད་ཚད་ལོའོ་ཀྲུའུ་གྲོང་ཁྱེར་ཡུང་རྫོང་ཞེ་ཞེ་སྡེ་བ་དང་། རྔ་བ་ཁུལ་མའོ་རྫོང་ལ་ཕུའུ་སྡེ་བའི་དབུལ་ཐར་འགག་སྒྲོལ་གྱི་བྱ་བར་ཞབས་འདེབས་སུ་ཕུལ་རྩིས་འདུག།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1