དམངས་ཚོགས་ཀྱི་བདེ་ཐང་ལ་འགན་སྲུང་བྱས་པ།

བདེ་མཆོག་གིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-08


        ཉིས་སྟོང་བཅུ་བདུན་ལོར་ཁུལ་ཨུ་དང་། ཁུལ་སྲིད་གཞུང་གིས་སྣེ་ཁྲིད་བརྟན་པོའི་འོག་ཏུ། ཁུལ་ཡོངས་ཀྱི་འཕྲོད་བསྟེན་ཅུས་དང་འཆར་ལྡན་བུ་བཙའ་མ་ལག་གིས་གཞི་རིམ་སྟོབས་འབྱོར་དང་། གོང་འཕེལ་ལ་བརྩོན་པ། དམངས་འཚོར་ཕན་པ། དོན་དངོས་སྒྲུབ་པ་བཅས་ཀྱི་ལས་དོན་ལ་དམིགས་ནས། ཁུལ་ཡོངས་ཀྱི་འཕྲོད་བསྟེན་ལས་དོན་ཡུན་རིང་གོང་འཕེལ་ལེགས་འགྲུབ་དང་། མང་ཚོགས་རྣམས་སྨན་པར་སྟོན་དཀའ་བ་དང་། སྨན་རིན་མཐོ་བ་བཅས་ཀྱི་གནད་དོན་སེལ་བ་རེད། 
        ཐུན་འབུའི་ནད་ནི་འཕྲོད་བསྟེན་ཆ་རྐྱེན་ཅུང་ངན་པ་དང་། རོང་འབྲོག་མང་ཚོགས་ཀྱིས་ཡུན་རིང་དུ་སྒོ་ཕྱུགས་ལ་འབྲེལ་འདྲིས་བྱས་པ་ནས་འགོས་པ་ཡིན་ལ། དེ་ནི་རོང་འབྲོག་མང་ཚོགས་དབུལ་ཕོངས་སུ་གྱུར་བའི་རྐྱེན་གཙོ་བོ་ཞིག་པས། ད་ལོར། རང་ཁུལ་གྱི་ཐུན་འབུའི་ནད་བརྟག་དཔྱད་བྱས་ནས་ཡིག་ཚགས་བསྐྲུན་ཏེ་མང་ཚོགས་དབུལ་བོ་རྣམས་ལ་སྨན་བཅོས་བྱ་རྒྱུ་ཁག་ཐེག་བྱས་པ་རེད། 
        མིག་སྔའི་རིང་དུ། ཁུལ་ཡོངས་ཀྱི་སྨན་བཅོས་རུ་ཁག་དང་། སྒྲོག་འགྲེལ་རུ་ཁག་རྩ་འཛུགས་བྱས་ནས།  སྨན་རིན་མ་བླངས་པ་མ་ཟད། མ་དངུལ་འབུམ་དྲུག་ཁྲི་ལྔ་དང་དགུ་བརྒྱ་བཏང་སྟེ།  མི་གྲངས་འབུམ་གཅིག་ཁྲི་བཞི་དང་བཞི་བརྒྱར་བརྟག་དཔྱད་བྱས་པ་དང་།  ཡིག་ཆ་འབུམ་ལྔ་ཁྲི་གསུམ་སྟོང་གསུམ་དགུ་བརྒྱ་འགྲེམ་སྤེལ་བྱས་པ་རེད།  སྐྱ་གྲུབ་ཕོག་པའི་མི་སུམ་བརྒྱ་ལ་བཤའ་བཅོས་བྱས་པ་དང་། ཐུམ་འབུའི་ནད་ཅན་གྱི་མི་གྲངས་གྱ་བཞི་དང་། སྙིང་ནད་ཅན་སྟོང་གཅིག་བརྒྱ་དང་རེ་འདུན་ལ་བརྟག་དཔྱད་བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1