བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨི་རག་རོགས་སྐྱོར་ཚོགས་པའི་འགན་ཡུན་ཇེ་རིང་དུ་བཏང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-01


    

       མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་7པའི་ཚེས་30ཉིན་གྲོས་ཆོད་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨི་རག་རོགས་སྐྱོར་ཚོགས་པའི་འགན་ཡུན་ལོ་གཅིག་གིས་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད་པ་དང་། ཞོར་དུ་ཨི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འཇིགས་སྐུལ་རྩ་འཛུགས་ཀྱི་གཞི་རྒྱ་ཆེ་བའི་དཔུང་འཇུག་བྱ་འགུལ་ལ་རྒོལ་གཏམ་བཏང་།

      གྲོས་ཆོད་ལས་རོགས་སྐྱོར་ཚོགས་པའི་འགན་ཡུན་དེ་2015ལོའི་ཟླ་7པའི་ཚེས་31ཉིན་བར་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད། གྲོས་ཆོད་ལས་ད་རུང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འཇིགས་སྐུལ་རྩ་འཛུགས་ཀྱིས་གཞི་རྒྱ་ཆེ་བའི་དཔུང་འཇུག་བྱ་འགུལ་སྤེལ་ཏེ་མི་སྣར་ཤི་རྨས་ཚབས་ཆེན་བཟོས་པར་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། ཨི་རག་གི་མིག་སྔར་གྱི་བདེ་འཇགས་གནས་བབ་དང་མི་སེར་ཁྲི་སྟོང་མང་པོ་རང་ཁྱིམ་དང་བྲལ་བའི་གནས་ཚུལ་ལ་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1