ཝུན་ཁྲོན་གྱིས་མགྱོགས་མྱུར་སྒོས་ཁམས་གསོའི་ཝུན་ཁྲོན་བཙུགས།

བདེ་མཆོག་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-15


        ཉེ་བའི་ལོ་འགའི་རིང་། ཝུན་ཁྲོན་རྫོང་གིས་ཁྱད་འཕགས་ཐོན་ཁུངས་ལ་བརྟེན་ནས། ལུས་སྦྱོང་ཁམས་གསོ་དང་། སྐྱེས་ཁམས་ལུས་གསོ། རྒན་རྒོན་རིག་གནས་ཁམས་སྐྱིད་བཅས་བརྗོད་བྱ་གཙོ་བོར་བྱས་ནས། ཁམས་གསོའི་ཡུལ་སྐོར་ཧྲིལ་བོ་ཤུགས་ཆེན་པོས་གོང་འཕེལ་དུ་བཏང་སྟེ། ནུབ་བྱང་ཁྱད་ལྡན་སྐྱེ་ཁམས་ཁམས་གསོའི་ཡུལ་སྐོར་དམིགས་འབེན་ནུས་ཤུགས་ཡོད་རྒུས་བསྐྲུན། དེ་ནི་དཔལ་འབྱོར་ལུགས་བསྒྱུར་ལ་རིམ་བཞིན་ཕན་འབྲས་ཐོབ་པ་དང་། ཁམས་གསོའི་ཡུལ་སྐོར་ལས་ཝུན་ཁྲོན་ངོས་ཟིན་དང་། ཝུན་ཁྲོན་ཉམས་སུ་མྱོང་བ་བཅས་ཀྱི་གཞི་རྩ་ཡིན། 
        མེ་ཏོག་ལུང་བའི་འཛུགས་སྐྲུན་དེ་ཁམས་གསོའི་ལས་ཀ་གལ་ཆེན་དུ་བཞག་ཡོད། ཝུན་ཁྲོན་རྫོང་གིས་སྐྱེ་ཁམས་གཞིས་ཀ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་དུ་བཏང་ནས། ཁམས་གསོའི་ཡུལ་སྐོར་ཁེ་ལས་ནང་འདྲེན་དང་། ཆེད་ལས་དོ་དམ། མེ་ཏོག་ལུང་བ་དང་ཆུ་མཆུག་གནའ་གྲོང་གི་མཛེས་ལྗོངས་དང་མཉམ་འདྲེས་བྱས་ཏེ། མཐའ་འཁོར་གྱི་མི་སེར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བཏང་། རི་འགོར་མེ་ཏོག་དང་ཤིང་སྡོང་གིས་གང་བ་དང་། ཞིང་ནང་སྔོ་ཚལ་གྱིས་གང་བ། ཁྱིམ་ཚང་རེ་རེའི་སྤྲོ་སྐྱིད་ཁང་བསྐྲུན་པའི་དམིགས་འབེན་མངོན་འགྱུར་བྱུང་བ་རེད།
        མིག་སྔར་ཝུན་ཁྲོན་རྫོང་གིས་ཁྱད་འཕགས་ཀྱི་ས་བབ་དང་འགྲིམ་འགྲུལ་ས་གནས་བཟང་བོ། སྐྱེ་ཁམས་ཁོར་ཡུག་མཛེས་པ། གནམ་གཤིས་སྐྱིད་པོ། མི་རིགས་རིག་གནས་ཁྱད་ལྡན་སོགས་ཀྱི་ཕྱོགས་བསྡུས་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། སྐྱོན་བྲལ་རྒན་གསོ་དང་རིག་གནས་ཡུལ་སྐོར་སོགས་ཀྱི་ཐོན་ལས་གོང་འཕེལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་ནས། སྐྱེ་ཁམས་ཁམས་གསོའི་དམིགས་ཡུལ་ཤུགས་ཆེན་གྱིས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1