བོད་ཀྱི་གླུ་མ་ཀུན་བཟང་སྐྱིད་ཀྱི་ཆེད་བསྒྲིགས་ཐོག་མ་འགྲེམ་སྤེལ་བྱས་པ།

ཚེ་འཛིན་སྒྲོལ་དཀར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-16



        གངས་ལྗོངས་ཉི་གཞོན་དྲ་བའི་འཕྲིན། (གསར་འགོད་པ་ཚེ་འཛིན་སྒྲོལ་དཀར།ཉེ་ཆར།  བོད་ཀྱི་གླུ་མ་ཀུན་བཟང་སྐྱིད་ཀྱི་ཆེད་བསྒྲིགས་ཐོག་མ་《ཁ་བའི་འདབས་ཀྱི་ཕྱེ་ལེབ། 》ཞེས་པའི་ཆེད་སྒྲིག་ཁྲེན་ཏུའུ་རུ་འགྲེམ་སྤེལ་བྱས།  ཆེད་བསྒྲིགས་འདིའི་གཞས་ཚིག་ཡོངས་རྫོགས་ནི་ཀྲུང་གོའི་གླུ་ཚིག་རྩོམ་པ་པོ་གྲགས་ཅན་ཀླུ་འབུམ་ཚེ་རིང·ཨ་མོས་བརྩམས་ཤིང་བོད་ཀྱི་རྩོམ་པ་པོ་གྲགས་ཅན་འབྲུག་ལྷ་རྒྱལ་གྱིས་ཡིག་བསྒྱུར་བྱས་པ་ཡིན། གཞན་རྒྱལ་ནང་གི་རོལ་མོ་བ་གྲགས་ཅན་གང་མང་ཞིག་གིས་ཡང་ཆེད་བསྒྲིགས་འདིར་དབྱངས་བརྩམས་པ་རེད།  

        ཆེད་བསྒྲིགས་འདི་ནི་ད་ལྟའི་མི་མང་པོ་ཞིག་གིས་བོད་ཀྱི་སྲོན་རྒྱུན་དམངས་གླུའི་གདངས་དབྱངས་དང་དེང་རབས་ཀྱི་རོལ་དབྱངས་གཉིས་ཟུང་དུ་སྦྲེལ་ཞིང་། ཐ་ན་ལ་ལས་བོད་རྒྱུད་ནང་བསྟན་གྱི་ཆོ་གའི་གཞས་དབྱངས་སོགས་དེང་རབས་ཀྱི་རོལ་དབྱངས་དང་སྦྱར་ནས་ར་མིན་ལུག་མིན་གྱི་གཞས་གདངས་ཀྱི་ཉམས་འགྱུར་དང་མི་འདྲ་བར། ཆེད་བསྒྲིགས་འདིའི་ཚིག་དང་དབྱངས། དེ་མིན་གླུ་མ་རང་ཉིད་ཀྱི་ཆ་ལུགས་སོགས་ཕྱོགས་གང་ཐད་ཀྱིས་མངོན་སུམ་གྱི་ཤེས་པ་དེ་རྗེས་དཔག་གི་བསམ་གཞིགས་ལ་བསྒྱུར་ཏེ། དོན་སྙིང་ལྡན་པའི་གསར་རྩོམ་ཅན་དང་རང་གཤིས་ཅན་གྱི་ལམ་ནས་བོད་ཀྱི་དེང་རབས་རོལ་མོའི་སྒྱུ་རྩལ་གྱི་མཛེས་པ་ཞིག་ལ་འཚོལ་སྙེག་བྱས་ཡོད་པ་རེད། ཆེད་བསྒྲིགས་འདིའི་རོལ་དབྱངས་ཀྱི་ཉམས་འགྱུར་ནི་བོད་ཀྱི་དེང་རབས་ཀྱི་ཉམས་འགྱུར་གྱིས་ཕྱུག་ཅིང་། དེ་ནི་གླུ་མ་ཀུན་བཟང་སྐྱིད་རང་ཉིད་སེམས་ནས་འཕྱུར་བའི་བརྩེ་བའི་སེམས་ཚོར་ཡིན་ནོ།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1