ཁྲིམས་ལུགས་དང་ཁྲིམས་སྲོལ་གསར་པ་ཁག་ཅིག་སྤྱི་ཟླ་8པའི་ཚེས་1ཉིནནས་བཟུང་ལག་བསྟར་བྱེད་འགོ་ཚུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-04


    ཁྲིམས་ལུགས་དང་ཁྲིམས་སྲོལ་ཁག་ཅིག་སྤྱི་ཟླ8པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་འགོ་ཚུགས་ཡོད། སྤྱི་ཟླ8པའི་ཚེས1ཉིན་ནས་བཟུང་། ཚོང་ལས་དངུལ་ཁང་གིས་དངུལ་ཁང་གི་འཛད་སྤྱོད་པར་མཁོ་འདོན་བྱས་པའི་རྨང་གཞིའི་དངུལ་རྩའི་ཞབས་ཞུར་སྲིད་གཞུང་གི་མཛུབ་ཁྲིད་རིན་གོང་དང་སྲིད་གཞུང་གིས་རིན་གོང་གཏན་འཁེལ་བྱས་ཏེ་དོ་དམ་བྱེད་རྒྱུ་རེད། དཔེར་ན། མི་སྒེར་གྱིས་ཞབས་ཞུའི་སྟེགས་བུ་བརྒྱུད། དངུལ་དངུལ་འཛིན་གཞན་གྱི་རྩིས་ཐོའི་ཐོག་བསྐུར་ཚེ། སྐས་རིམ་ལྟར་གླ་ཆ་བསྡུ་རྒྱུ་ཡིན་པ་སྟེ། སྒོར་ཉིས་སྟོང་ངམ་ཉིས་སྟོང་མན་ཡིན་ཚེ། གླ་རིན་སྒོར་2ལས་བརྒལ་རྒྱུ་མིན་པ་དང་། སྒོར་2000ནས་5000བར་སྒོར་5ལས་མི་བརྒལ་བ། སྒོར་5000ནས་10000བར་སྒོར་10ལས་མི་བརྒལ་བ། སྒོར་ཁྲི་5ཡན་ཆད་ཚང་མར་མཐོ་ཤོས་སྒོར་50ལས་མི་བརྒལ་བ་བཅས་བྱེད་རྒྱུ་རེད། མི་སྒེར་གྱི་དངུལ་སྨར་བསྐུར་བའི་ཐད། གཏན་འབེབས་གསར་པའི་ནང་། གླ་རིན་0.5%ལས་མི་བརྒལ་བ་དང་། མཐོ་ཤོས་སྒོར་50ནས་བརྒལ་མི་ཆོག་པའི་གཏན་འབེབས་བྱས་ཡོད།

    དེ་མིན། ཧྲང་ཧའེ་རང་མོས་ཉོ་ཚོང་ཁུལ་གྱི་སྲོལ་ཡིག་དེ་སྤྱི་ཟླ་8པའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད། གཞན་ཡང་། མངའ་ཁོངས་བརྒལ་བའི་ཉོ་ཚོང་གློག་རྡུལ་ཚོང་དོན་མངའ་ཁོངས་ནང་ཕར་འགྲོ་ཚུང་འོང་བྱེད་པའི་དངོས་ཟོག་དང་དངོས་རྫས་སྤྱི་ཟླ་8པའི་ཚེས་1ཉིན་ནས་བཟུང་འགག་སྒོ་སྡེ་ཁག་གིས་ལྟ་སྐུལ་དོ་དམ་བྱེད་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1