རྒྱལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གྲོས་ཚོགས་པེ་ཅིན་དུ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 01-17


        རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གྲོས་ཚོགས་དེ་སྤྱི་ཚེས་16ཉིན་པེ་ཅིང་དུ་འཚོགས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གནང་། ཁོང་གིས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱ་རྒྱུ་དེ་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ལྟེ་བའི་ལས་འགན་དང་ལས་ཀའི་ལམ་ཐིག་གཙོ་བོར་བརྩིས་ནས། ཤེས་པ་དང་གོ་བ་ལོན་པའི་ཐད་འབད་བརྩོན་བྱས་ཏེ། ཤེས་བྱས་བྱ་སྤྱོད་ལ་སྐུལ་འདེད་དང་། བྱ་སྤྱོད་ཀྱིས་ཤེས་བྱར་སྐུལ་འདེད་གཏང་དགོས། ཤེས་པ་དང་གོ་བ་ལོན་པ་བྱ་དགོས་ན། ངེས་པར་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚུན་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྐོར་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ་འཐབ་ཇུས་གསར་པ་བཅས་ཟུང་འབྲེལ་བྱེད་པ་དང་། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་བླང་བྱ་གསར་པར་དམ་འཛིན་བྱ་རྒྱུ་ཟུང་འབྲེལ་བྱེད་པ། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ་བཅས་བྱས་ཏེ། སློབ་སྦྱོང་གི་ནུས་འབྲས་དེ་ཚད་མཐོའི་ཆབ་སྲིད་གོ་རྟོགས་ལ་འགྱུར་བ་བྱེད་པ་དང་། ཚན་རིག་དང་མཐུན་པའི་བསམ་བློ་གཏོང་སྟངས་ལ་འགྱུར་བ་བྱེད་པ། སྟོབས་ཆེའི་ལས་ཀའི་འགུལ་ཤུགས་ལ་འགྱུར་བ་བྱེད་དགོས། ཤེས་པ་དང་གོ་བ་ལོན་པ་བྱེད་པའི་དམིགས་ཡུལ་ནི་ལས་དོན་དངོས་སྒྲུབ་རྒྱུ་དེ་ཡིན། གནད་དོན་གྱིས་ཁྲིད་ཕྱོགས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་བྱེད་པའི་གོམས་གཤིས་ཆགས་པ་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་གི་ནུས་པ་ཆེ་རུ་བཏང་ནས། བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་དེ་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པའི་གཞི་རྩའི་འཇོན་ཐང་ལ་འགྱུར་བ་བྱེད་པ། འཐབ་ཕྱོགས་གཅིག་གྱུར་ཐད་ཀྱི་རིག་གཞུང་གལ་ཆེན་དང་ལག་ལེན་དངོས་ཀྱི་གནད་དོན་ལ་ཞིབ་འཇུག་བྱས་ནས་ཐག་གཅོད་བྱེད་དགོས། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱབ་ནས། ཏང་ལ་ལྷག་བསམ་དཀར་བ་དང་། ཆབ་སྲིད་ཀྱི་ཉམས་སད་ཐེག་ཐུབ་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མི་རྣམས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཐུན་མོང་དང་མཐུན་སྒྲིལ་འབད་འཐབ་བཅས་ཀྱི་སེམས་མཐུན་རི་མོ་ཆེན་པོ་ཞིག་བྲི་རྒྱུར་ཁྲིད་སྟོན་བྱ་དགོས་ཞེས་ནན་གྱིས་བསྟན།། 
 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1