ཚེ་རིང་རྡོ་རྗེ་ལ་ཀྲུང་ཧྭ་རིག་གནས་ལོ་འཁོར་མི་སྣའི་གཟེངས་རྟགས་ཐོབ་པ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-18


        བོད་ཀྱི་རིག་གཞུང་མཐའ་དག་དེང་རབས་ཅན་དང་བརྡ་འཕྲིན་ཅན། འཛམ་གླིང་རང་བཞིན་གྱི་ཕྱོགས་སུ་བསྐྱོད་པའི་ཕུགས་བསམ་བརྗེད་མ་མྱངས་ཤིང་ཁ་དོན་ལག་ཏུ་གནས་པའི་རྫ་ཀིཿལུང་དབོན་སྤྲུལ་ཚེ་རིང་རྡོ་རྗེ་མཆོག་ལ་རྒྱལ་ཡོངས་ཆེས་མཐོའི་གཟེངས་རྟགས་ཤིག་ཐོབ་པའི་གསར་འགྱུར། 

        2018ལོའི་སྤྱི་ཟླ་དང་པོའི་ཚེས་10ཉིན། ཀྲུང་ཧྭ་རིག་གནས་ལོ་འཁོར་མི་སྣའི་བྱ་དགའི་ཚོགས་འདུ་གྲོང་ཁྱེར་ཧྲིན་ཀྲིན་དུ་གཟབ་རྒྱས་ངང་བསྡུས་ཤིང་རྒྱལ་ཡོངས་ཀྱི་རིག་གནས་ལ་བྱས་རྗེས་བླ་མེད་བཞག་པའི་མི་བཅུ་ལ་བྱ་དགའ་བསྩལ།  

        ཐེངས་འདིར་མཚོ་སྐྱེས་རིག་གནས་སྤྱི་གཉེར་ཁང་དང་དེའི་ཡན་ལག་ཧི་མ་ལའི་རིག་མཛོད་ཁང་དང་། ཧི་མ་ལའི་དགེ་ལས་ཐེབས་རྩ་ཚོགས་པ།  གུ་རུའི་རྣམ་ཐར་སྟོང་ཐང་ཆེན་མོ་བཅས་གསར་འཛུགས་གནང་མཁན་དང་གཙོ་འཛིན་པ་ཀིཿལུང་དབོན་སྤྲུལ་ཚེ་རིང་རྡོ་རྗེ་མཆོག་ལ་རྒྱལ་ནང་གི་ཆེས་མཐོའི་བྱ་དགའ་སྟེ་ཀྲུང་ཧྭ་རིག་གནས་ལོ་འཁོར་མི་སྣ་ཞེས་པའི་གཟེངས་རྟགས་ཐོབ་པར་མ་ཟད། བོད་རིག་པ་དར་སྤེལ་མཁན་གྱི་མཚན་སྙན་ཀྱང་གནང་།
        ཁོང་གིས་ང་ཚོས་རིས་སུ་མ་ཆད་པའི་སྐྱེ་འགྲོ་མཐའ་དག་གི་དོན་དང་། སྤྱི་ཚོགས་ཀྱི་དཔལ་ཡོན་ཡར་ཐོན་གྱི་ཆེད་དུ། བྱམས་བརྩེ་དང་ཤེས་རབ་ཀྱིས་མི་རེ་རེའི་འཚོ་བ་ལ་ཕན་ཐོགས་པར་བྱེད་པ་ནི་ང་ཚོ་ཐུན་མོང་གི་རེ་སྨོན་ཡིན། ང་ཚོས་ཤེས་རབ་ཀྱིས་ཕུགས་བསམ་ལེགས་འགྲུབ་བྱེད་ཅིང་། བྱམས་བརྩེ་ལ་བརྟེན་ནས་མི་ཚེ་ལེགས་འགྲུབ་བྱ་དགོས་ཞེས་པའི་གཏམ་བཤད་ཀྱང་བསྩལ།།
    


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1