མི་རིགས་ཀྱི་ཟློས་གར་ཆེན་མོ་ཐང་ཀ་ཞེས་པ་པེ་ཅིན་ནས་འཁྲབ་སྟོན་བྱས།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 01-22


        ཟླ1པོའི་ཚེས17དང་ཚེས18ཉིན་གྱི་དགོང་མོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན་གྱིས་རྩ་འཛུགས་བྱས་པའི། མཚོ་སྔོན་གྱི་མི་རིགས་ཟློས་གར་ཆེན་མོ«ཐང་ཀ»ཞེས་པ་པེ་ཅིན་པོ་ལུས་ཟློས་གར་ཁང་ནས་དངོས་སུ་འཁྲབ་སྟོན་བྱས། རིག་གནས་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ལོ་ཧྲུའུ་ཀང་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝང་ཅན་ཅོན། ཀྲུང་གོ་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ་ལིས་ཡུས། རིག་གནས་པུའུ་ཡི་ཏང་ཙུའུ་ཁོངས་མི། པུའུ་ཀྲང་གཞོན་པ་ཏུང་ཝེ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཀྲང་ཞི་མེན་བཅས་ཀྱིས་པེ་ཅིན་གྱི་ལྟད་མོ་བ་དང་མཉམ་དུ་འཁྲབ་སྟོན་ལ་བལྟས།

        ཐང་ཀ་ནི་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཁྲོད་ལྷམ་མེར་བཀྲ་བའི་སྒྱུ་རྩལ་གྱི་མེ་ཏོག་ཆུན་པོ་ཞིག་ཡིན། ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་པོའི་འོག་ནས། མཚོ་སྔོན་གྱི་ཐང་ཀ་སྒྱུ་རྩལ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བར་མ་ཟད། ཐང་ཀའི་ཐོན་ལས་ཀྱང་ཟམ་མ་ཆད་པའི་སྒོ་ནས་ཇེ་རྒྱས་སུ་སོང་བ་ལས་གཞན། མི་རིགས་རིག་གནས་ཀྱི་ཡིད་རྟོན་ཇེ་དྲག་ཏུ་བཏང་མཐར། རིག་གནས་དབུལ་སྐྱོར་མཁྲེགས་གཏོར་ལས་དོན་ཁྲོད་བྱེད་ནུས་མི་དམན་པ་བཏོན་ཡོད། སྔར་ལས་ལྷག་པའི་སྒོ་ནས་ཐང་ཀ་སྒྱུ་རྩལ་གྱི་ཉིང་བཅུད་མངོན་པར་མཚོན་ཆེད་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་ཆེད། མཚོ་སྔོན་གྱིས་མི་རིགས་ཟློས་གར་ཆེན་མོ«ཐང་ཀ»ཞེས་པ་བརྩམས་ནས་འཁྲབ་སྟོན་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1