ཉག་རོང་རྫོང་གིས་དགོན་པའི་དཀའ་ངལ་ཡོད་པའི་གྲྭ་བཙུན་ལ་གཅེས་སེམས་དགེ་སྒྲུབ་རོགས་དངུལ་སྤྲད།

པདྨ་བདེ་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 01-23


        སྤྱི་ཟླ་དང་པོའི་ཚེས11ཉིན། སྔར་ལས་ལྷག་པའི་སྒོ་ནས་དགོན་པའི་དཀའ་ངལ་ཡོད་པའི་ཉམ་ཞན་ཚོགས་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་ལས་ཀ་ལེགས་སྒྲུབ་བྱེད་པ་དང་།  དམངས་འཚོ་ལེགས་བཅོས་དང་འགན་སྲུང་བྱས་ནས་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བའི་ཆེད། རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྫོང་ཆོས་ལུགས་ཅུས། རྫོང་རྒྱ་གྲམ་དམར་པོའི་མཐུན་ཚོགས་བཅས་ཀྱིས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱས་ཏེ། ཕྱོགས་ཡོངས་ནས་གནས་ཚུལ་རྒྱུས་ལོན་དང་རིམ་པ་བཞིན་ཞིབ་བཤེར་བྱས་རྗེས། རོགས་སྐྱོར་ཆ་རྐྱེན་དང་མཐུན་པའི་དཀའ་ངལ་ཡོད་པའི་གྲྭ་བཙུན46རྫོང་ཨུའི་ཐོག་བརྩེགས་ལྔ་པའི་གྲོས་ཚོགས་ཁང་དུ་བསྡུས་ནས་ལ་རོགས་སྐྱོར་མ་དངུལ་སྒོར63000སྤྲད་པ་རེད། 
        ཚོགས་ཐོག་ཏུ་རོགས་སྐྱོར་ཐོབ་པའི་གྲྭ་བཙུན་རྣམས་ལ་རེ་བ་གཉིས་བཏོན་པ་སྟེ། གཅིག་ནི་བཀའ་དྲིན་བསམ་ཤེས་ཀྱི་འདུ་ཤེས་ཡོད་དགོས། ཏང་ཨུ་སྲིད་གཞུང་གིས་ནམ་ཡང་གྲྭ་བཙུན་གྱི་སྐྱིད་སྡུག་སེམས་སུ་བཟུང་ནས་གང་ནུས་ཀྱིས་རོགས་སྐྱོར་བྱས་དང་བྱེད་བཞིན་ཡོད་པས་ཕན་པ་གང་ནས་འབྱུང་བ་དང་བཀའ་དྲིན་སུ་ལ་ཞུ་དགོས་རྒྱུ་ངེས་པར་དུ་ཤེས་དགོས་པ་དང་། དུས་མཚུངས་སུ་དཀའ་ངལ་ཅི་ཞིག་འཕྲད་ཀྱང་ཏང་དང་སྲིད་གཞུང་ནི་ཁྱེད་ཚོའི་སྲ་བརྟན་གྱི་རྒྱབ་རྟེན་ཡིན་པ་སེམས་ལ་འཇགས་དགོས། གཉིས་ནི་ཁྲིམས་སྐྱོང་གི་འདུ་ཤེས་ཡོད་དགོས། དེང་སང་ནི་ཁྲིམས་སྐྱོང་གི་སྤྱི་ཚོགས་ཡིན་པས། ཁྲིམས་འོག་ལས་མ་འདུས་པའི་དགོན་པ་དང་མི་སྒེར་མེད། ཚང་མས་ངེས་པར་དུ་ཁྲིམས་ཤེས་དགོས་པར་མ་ཟད་ཁྲིམས་ལྟར་ལས་ཀ་བསྒྲུབ་རྒྱུ་དང་། དོན་དག་ཡོད་ཚེ་ཁྲིམས་ལ་བརྟེན་ཤེས་པ། ཁྲིམས་ལྟར་གནད་དོན་ཐག་གཅོད་བྱ་དགོས། ངེས་པར་དུ་གསར་བསྒྲིགས་བྱས་པའི《ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག》ལ་བརྩི་སྲུང་བྱས་ནས་རྒྱལ་གཅེས་ཁྲིམས་སྲུང་བྱེད་པའི་གྲྭ་བཙུན་ཚད་ལྡན་ཞིག་བྱ་དགོས།
     རོགས་སྐྱོར་སྤྲད་པའི་མཛད་སྒོའི་མཇུག་བསྒྲིལ་རྗེས། ཚང་མས་བཀའ་དྲིན་ཆེ་ཞུས་པས་མ་ཚད་ཏང་ཨུ་སྲིད་གཞུང་གི་ལས་ཀར་རྒྱབ་སྐྱོར་གང་ཐུབ་བྱ་རྒྱུ་དང་རྒྱལ་གཅེས་ཁྲིམས་སྲུང་དང་སྡོམ་འཛིན་ཉམས་ལེན་བྱས་ཏེ་དམངས་ཕན་ལས་དོན་སྒྲུབ་པའི་གྲྭ་བཙུན་ལེགས་པོ་ཞིག་བྱ་རྒྱུའི་ཁས་ལེན་བྱས་པ་རེད།
     དཀའ་ངལ་གྲྭ་བཙུན་དང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་པ་སོགས་མི51ཚོགས་འདུར་ཞུགས་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1