ཧྥི་ལི་ཕིན་གྱི་མཱ་རོང་མེ་རི་འཕྱུར་ཚད་ཉེན་ཁ་ཆེ་བར་སླེབས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-24


        ཟླ་1ཚེས་22ཉིན། ཧྥི་ལི་ཕིན་གྱི་མཱ་རོང་མེ་རི་འཕྱུར་ཚུལ་ཛ་དྲག་ཆེ་བ་ཞིང་། ད་ལྟྼ། ཧྥི་ལི་ཕིན་སྲིད་གཞུང་གིས་མེ་རི་འཕྱུར་བའི་ཉེན་བརྡ་རིམ་པ་4བར་མཐོར་རུ་བཏང་བ་མ་ཟད། མེ་རི་འཕྱུར་ཁུལ་ཉེ་འཁོར་གྱི་སྡོད་དམངས་རྣམས་སླར་ཡང་ཐག་རིང་དུ་ཁ་གྲམ་བཅུག་ཡོད་པ་རེད། ཞིབ་བཤེར་བྱས་པར་གཞིགས་ན། མཱ་རོང་མེ་རི་ནི་ཟླ་1ཚེས་13ཉིན་ཐོག་མར་འཕྱུར་འགོ་ཚུགས་པ་དང་། དེའི་སྔོན་ལ་སྡོད་དམངས་ཁྲི་3.4ཁ་གྲམ་དུ་བཅུག་མོད། འོན་ཀྱང་དེའི་རྗེས་སུ་མེ་རི་འཕྱུར་ཚུལ་བརྟན་པོ་ཆགས་པས། སྡོད་དམངས་ཁ་ཤས་ཡང་བསྐྱར་ཕ་ཡུལ་དུ་ལོག་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1