ཨ་མེ་རི་ཁའི་དམག་དཔུང་གིས་ཨི་རག་ཐལ་སྐྱོད་རྩ་འཛུགས་ལ་སྐོར་གཉིས་པའི་བར་སྣང་གི་འཇབ་རྒོལ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-11


    ཨ་མེ་རི་ཁས་ཨི་རག་ཐལ་སྐྱོད་རྩ་འཛུགས་ལ་བར་སྣང་ནས་འཇབ་རྒོལ་བྱས་པའི་བརྙན་རིས་ལས། ཟླ་8པའི་ཚེས་8ཉིན། ཨ་མེ་རི་ཁའི་དམག་དཔུང་གིས་བར་སྣང་ནས་འཇབ་རྒོལ་བྱས་རྗེས། ཨི་རག་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཨེར་པེ་ལེ་འདབས་རོལ་གྱི་ཞིབ་བཤེར་ས་ཚིགས་ཤིག་གི་ཉེ་འདབས་སུ་དུ་བ་འཕྱུར་བཞིན་པ། 

     ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་ཚེས་8ཉིན་བསྟན་དོན། ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེར་མིང་ལ་ཨི་རག་དང་ལེ་ཧྥན་ཐི་ཨི་ཟི་རེལ་རྒྱལ་ཁབ་ཅེས་པའི་ཐལ་སྐྱོད་རྩ་འཛུགས་ཀྱི་ཨི་རག་བྱང་ཕྱོགས་ལ་ཡོད་པའི་དམིགས་འབེན་ལ་སྐོར་ཐེངས་གཉིས་པར་བར་སྣང་ནས་འཇབ་རྒོལ་བྱས་པ་ཡིན། །
    ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། བར་སྣང་ནས་འཇབ་རྒོལ་བྱེད་སའི་དམིགས་ཡུལ་ནི་ཨི་རག་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཨེར་པེ་ལེ་ཡིན་པ་དང་། བར་སྣང་གི་འཇབ་རྒོལ་ཁག་གཉིས་སུ་བགོས་ཏེ། ཨ་མེ་རི་ཁའི་ཤར་ཕྱོགས་དུས་ཚོད་སྔ་དྲོའི་དུས་ཚོད་10དང་། དུས་ཚོད་11དང་སྐར་མ་22ཀྱི་སྟེང་འཇབ་རྒོལ་བྱས་པ་ཡིན། ཐེངས་དང་པོའི་ལས་འགན་དེ་རྒྱང་སྐྱོད་འཐབ་འཛིང་གནམ་གྲུས་ལག་བསྟར་བྱས་པ་དང་། ཨི་རག་ཐལ་སྐྱོད་རྩ་འཛུགས་ཀྱི་མེ་སྒྱོགས་འཕེན་ས་ཞིག་རྡུལ་དུ་བརླགས། དེའི་རྗེས་སུ་འཐབ་འཛིང་གནམ་གྲུ་བཞིས་སྐུལ་འོད་ཚོད་འཛིན་འགད་རྫས་བརྒྱད་འཕངས་ཏེ། ཨི་རག་ཐལ་སྐྱོད་རྩ་འཛུགས་ཀྱི་རླངས་འཁོར་རུ་ཁག་གཅིག་དང་མེ་སྒྱོགས་འཕེན་ས་ཞིག་རྡུལ་དུ་བརླགས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1