གཙང་གསུམ་ཆུ་འགོའི་ས་ཁུལ་དུ་ཡོ་རོབ་དང་ཨེ་ཤེ་ཡའི་ཆུ་སྲམ་བསྟུད་མར་ཐོན་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-29


     གསར་འགོད་པས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་འབྲི་ཆུའི་ཆུ་འགོ་གླིང་ཁུལ་གྱི་ཆུ་དམར་ལེབ་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱུང་གསལ། ཉེ་ཆར་དོ་དམ་ཁྲུའུ་དེའི་འབྲོག་པ་ལྟ་ཞིབ་ཚད་ལེན་པས་འབྲི་ཆུའི་ཆུ་འགོ་ཁུལ་དུ་ཆགས་པའི་འབྲི་ཆུ་འགྲམ་དུ་ཡོ་རོབ་དང་ཨེ་ཤེ་ཡའི་ཆུ་སྲམ་འགུལ་སྐྱོད་བྱས་པའི་གཟུགས་བརྙན་པར་ལེན་ཐུབ་པ་རེད། ཉེ་བའི་ལོ་ཤས་རིང་། སྲོག་ཆགས་དེ་རིགས་ད་དུང་རྫ་ཆུའི་ཆུ་འགོའི་ཁུལ་དུའང་བསྟུད་མར་ཐོན་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1