འཛམ་ཐང་རྫོང་གི་མང་ཚོགས་ཀྱིས་ཁ་ལོ་བའི་ཡིག་རྒྱུགས་སྤྲད་མགོ་བརྩམས།

བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-29


     ཟླ་1པོའི་ཚེས་17ཉིན་འཛམ་ཐང་རྫོང་རྫོང་མདའ་ཡུལ་ཚོའི་ཞིང་འབྲོག་མང་ཚོགས་ཀྱི་ཁ་ལོ་བའི་ཡིག་རྒྱུགས་རིན་མི་དགོས་པར་གསོ་སྦྱོང་བྱ་བ་མཇུག་སྒྲིལ་རྗེས། འཛམ་ཐང་བར་མ་དང་ན་མདའ་ཁུལ་(འཛམ་ཐང་སྟོད་མ་ཡུལ་ཚོ། འཛམ་ཐང་བར་མ་གྲོང་རྡལ། ཀ་ཐོག་ཡུལ་ཚོ། ན་མདའ་གྲོང་རྡལ། རྫོང་མདའ་ཡུལ་ཚོ།)གྱི་རིམ་པ་དང་པོའི་གཞུང་ལུགས་གསོ་སྦྱོང་བདེ་བླག་ངང་མཇུག་རྫོགས། ཟླ་1པོའི་ཚེས་19ཉིན་ཡུལ་ཚོ་དང་གྲོང་རྡལ་ལྔའི་སློབ་མའི་གསོ་སྦྱོང་མཇུག་སྒྲིལ་རྗེས་ཀྱི་གཞུང་ལུགས་རྒྱུགས་གཞི་ཐོག་དང་པོ་སྤྲད།
     ཐེངས་འདིའི་ཞིང་འབྲོག་པའི་ཁ་ལོ་བའི་གཞུང་ལུགས་སྐད་གཉིས་རྒྱུགས་ལེན་ལས་དོན་བདེ་བླག་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཆེད། རྫོང་དེའི་ཆེད་དུ་ལས་དོན་འགོ་ཁྲིད་ཚོ་ཆུང་བཙུགས་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་སྡེ་ཁག་གིས་དུས་རིམ་ཡོངས་སུ་རྒྱུགས་སྤྲོད་གནས་ཚུལ་ལ་སྐོར་གཟིགས་ལྟ་སྐུལ་བྱས།

       ཤེས་རྟོགས་བྱུང་བ་ལྟར་ན། ད་ཐེངས་ཀྱི་ཞིང་འབྲོག་པའི་བོད་རྒྱ་སྐད་གཉིས་ཀྱི་ཁ་ལོ་བའི་གཞུང་ལུགས་ཡིག་རྒྱུགས་ནང་བསྡོམས་པའི་སློབ་མ་355ཞུགས་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1