༄༅། །གངས་དཀར་མཚོ་འགོ་དགོན་དང་མ་ཎི་རྡོ་སྤུངས།

འཇིགས་མེད། རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-05


    དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འདབ་པ་རྫོང་ཉི་སྟེན་མཛེས་ལྗོངས་ས་ཁུལ་གྱི་ལྟེ་བའི་ས་རྒྱུད་དུ་ཆགས་པའི་སྤྱན་རས་གཟིགས་ཀྱི་གནས་རི་གམ་དུ་མིང་ལ་མཚོ་འགོ་དགོན་པ་ཟེར་བ་ཞིག་འདུག  དགོན་པ་དེ་ནི་འགོག་རྒོལ་ཀྱི་སད་ཐབས་བྲལ་བའི་མི་ཕྱེད་ད
ད་པའི་ཆོས་གཉེར་ཚུལ་དུ་གནས་ཤིང་། དེའི་ཉེ་འདབས་ཀྱི་ཚང་ཚིང་ཁྲོད་དུ་གསལ་ལ་མི་གསལ་བའི་མ་ནི་རྡོ་སྤུངས་ཀྱིས་བཅོས་མིན་རང་བཞིན་གྱི་རི་ཁྲོད་ཡོངས་སུ་བསྐོར་ནས་མཆིས། དགོན་ཆུང་འདི་ཉིད་ཀྱང་མ་ཎི་རྡོ་སྤུངས་གྲངས་ལས་འདས་པ་ཞིག་གིས་བཞེངས་པའིདལ་རྡོ་དང་རྒྱལ་བསྟན་དྲི་བསུང་སྟུག་པོའི་འབྲེལ་ཞུའི་དངོས་བཅས་རང་རེད།
   ས་གནས་དེ་གའི་མི་ཚོའི་བཤད་སྲོལ་ལྟར་ན། ཆེས་གནའ་རབས་ཀྱི་དུས་སུ་དགོན་ཆུང་དེ་ཆགས་ས་ནི་མཚེའུ་དྭངས་ཤིང་གཙང་བ་ཞིག་ཡོད་སྐད། རབ་འབྱམས་དཀོན་མཆོག་རྒྱ་མཚོ་ཞེས་པའི་རི་ཁྲོད་པ་གཅིག་གནས་འདིར་སྒོམ་སྒྲུབ་བྱས་ནས་བཞུགས་པའི་སྐབས་སུ།།   ཐེངས་གཅིག་ལ་ལ་རི་ཁྲོད་པ་དེས་རྫུ་འཕྲུལ་སྔགས་རླབས་ཀྱིས་འཇམ་ཐིང་མཚེའུ་དེ་རིམ་གྱིས་དེའུ་འབུར་ཆུང་ཆུང་ཞིག་ཏུ་བསྒྱུར་བར་མ་ཟད། དེའི་སྟེང་དུ་དེང་མཚོ་འགོ་དགོན་གྱི་རྣམ་པ་དབྱིབས་སུ་བསྐྲུན། དེའང་མཐའ་སྐོར་གྱི་རྩི་ཤིང་དག་ལ་ཡུལ་ལྷའི་འགེབས་སྲུང་གནས་ཡོད་པས། རྩི་ཤིང་དག་ལ་འཚོལ་བསྡུ་དང་རྩིས་མེད་བཏང་མཐར་མེད་པ་འགྲོ་ཉེན་ཡོད་སྐབས། རི་ཁྲོད་དེས་དགོནཔ་བསྐྲུན་རྒྱུ་འགྲུབ་ཆེད་ས་གནས་དེགའི་མང་ཚོགས་སྣེ་ཁྲིད་བྱས་ནས་དགོན་པ་བསྐྲུན་པར་དངོས་སུ་མཁོ་བའི་ཤིང་དག་གཅོད་པར་ཕུད་རྩི་ཤིང་སྲུང་སྐྱོང་བྱས་ཏེ་སྔོ་ལྗོངས་ཅན་དུ་བསྒྱུར།
    ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ཐོ་བཀོད་པ་ལྟར་ན། མ་ཎི་རྡོ་ཕུང་འདི་ནི་མཚོ་འགོ་དགོན་པ་ཐོག་མར་བཞེས་སྐབས་ནས་ཡོད་པ་ཞིག་ཡིན་ལ། བཤད་སྲོལ་ལྟར་ན་མ་ཎི་རྡོ་ཕུང་འདི་དག་ནི་རྡོ་བརྐོས་མཁས་ཅན་བློ་བཟང་ར་རྒ་ཞེས་པ་ཞིག་གིས་རང་གི་སློབ་མ་དང་བཅས་པ་འཁྲིད་ནས་མི་ལོ་དྲུག་ཅུ་ལྷག་གི་རིང་ལ་བརྐོས་ནས་གྲུབ་པ་ཞིག་རེད། མ་ཎི་དུང་ཕྱུར་ལྷག་ལས་གྲུབ་པའི་གངས་རི་དབྱིབས་འདྲའི་རྡོ་ཕུང་200ལྷག་པ་དེ་དེང་སང་ཡང་མི་ཚོའི་མིག་ལམ་དུ་མངོན་རྒྱུ་འདུག
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1