༄༅།། བཅའ་ཁྲིམས་གསར་པས་ཁྱིམ་ཚང་ནང་གི་དྲག་ཤུགས་ལ་ཇི་ལྟར་ཚོད་འཛིན་བྱེད་པ།

མི་གསལ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-13


    ལོ་35ལ་བུད་པའི་བདེ་སྐྱིད་ནི་2012ལོར་གཉེན་བསྒྲིགས་པ་དང་། གཉེན་བསྒྲིགས་རྗེས་ཟླ་གཅིག་ཀྱང་མ་འགོར་བར་ཁྱིམ་ཚང་ནང་གི་དྲག་ཤུགས་ཀྱི་གནོད་འཚེ་ཐེབས་པ་དང་། ཕྲུ་གུ་བཙས་རྗེས་དྲག་ཤུགས་ཀྱི་གནོད་འཚེ་དེ་བཞིན་ཆད་མ་མྱོང་།

   《ཁྱིམ་ཚང་ནང་གི་དྲག་ཤུགས་ལ་རྒོལ་བའི་བཅའ་ཁྲིམས།》མེད་པ་ནས་ཡོད་པར་གྱུར་པ་དེས། རྒྱལ་ཁབ་ཀྱིས་གཉོམ་ཞན་མི་ཚོགས་ལ་སྔར་ལས་མཐོང་ཆེན་བྱེད་ཀྱིན་པ་དང་ཁྲིམས་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བཞིན་པ་མཚོན་ཡོད་མོད། འོན་ཀྱང་འབྲེལ་ཡོད་གཏན་འཁེལ་སྔར་ལས་ཞིབ་ཕྲ་རུ་གཏོང་བར་རེ་སྒུག་བྱེད་ཀྱིན་ཡོད། བདེ་སྐྱིད་ཀྱིས་བཤད་རྒྱུར །སྔོན་ཆད་ཁྱིམ་ཚང་ནང་གི་དྲག་ཤུགས་ཀྱི་གནོད་འཚེ་ཐེབས་རྗེས། ཉེན་རྟོག་པར་ཡར་ཞུ་བྱས་ནའང་ཉེན་རྟོག་པ་ཡོང་ནས་བར་འདུམ་བྱས་པ་ཙམ་དང་ཟིན་ཐོར་བཀོད་རྗེས། ང་ཚོ་སྨན་ཁང་དུ་སོང་ནས་རྨས་སྐྱོན་ལ་གསལ་འབྱེད་བྱེད་དུ་འཇུག་པ་རེད།ཡིན་ན་ཡང་གསལ་འབྱེད་བྱས་པའི་མཇུག་འབྲས་ཧ་ཅང་ལྗིད་མོ་མེན་ན། དྲག་ཤུགས་སྤྱོད་མཁན་ལ་ཆད་པ་གང་ཡང་མི་གཅོད་པས། རྨས་སྐྱོན་སྔོན་མ་མ་དྲག་གོང་སླར་ཡང་གཞུག་མ་བཏོད་སྲིད་ཅེས་བདེ་སྐྱིད་ཀྱིས་《ཁྱིམ་ཚང་ནང་གི་དྲག་ཤུགས་ལ་རྒོལ་བའི་བཅའ་ཁྲིམས།》ཀྱིས་དྲག་ཤུགས་སྤྱོད་མཁན་ལ་དེ་བསྟུན་གྱི་ཆད་པ་གཅོད་པ་ལས། རྨས་ཕོག་པ་ཡང་བར་ཁ་གཡར་ཏེ་དྲག་ཤུགས་སྤྱོད་མཁན་གུ་ཡངས་སུ་མི་གཏོང་བའི་རེ་བ་འདོན་གྱིན་ཡོད།
    ཆེད་མཁས་པས་《ཁྱིམ་ཚང་ནང་གི་དྲག་ཤུགས་ལ་རྒོལ་བའི་བཅའ་ཁྲིམས།》ལག་བསྟར་བྱས་པ་དེ་ནི་ཁྱིམ་ཚང་ནང་གི་འགལ་ཟླའི་མེལྕེ་གསོད་པའི་བྱ་བར་འགན་སྲུང་བྱས་པ་དང་། དེའི་སྔོན་གྱི་མི་ལྕེ་འགོག་པའི་བྱ་བར་ད་རུང་ཤུགས་སྣོན་དགོས་ལ། སྔོན་འགོག་བྱེད་པ་གཙོ་རུ་བཟུང་ནས་ཁྱིམ་ཚང་ནང་གི་དྲག་ཤུགས་གཏན་འགོག་བྱས་ཏེ། སྣང་ཚུལ་དེའི་རིགས་འབྱུང་དུ་འཇུག་མི་རུང་བར་འདོད་ཀྱིན་ཡོད།

    ད་ལྟ་བཅའ་ཁྲིམས་ཡོད་པས།འབྲེལ་ཡོད་སྡེ་ཁག་གི་འགན་འཁྲི་དང་ལག་བསྟར་བྱེད་སྟངས་གཏན་འཁེལ་གསལ་པོ་བྱས་ན། ད་གཟོད་དངོས་འབེབས་བྱེད་ཐུབ་ཅེས་ཆེད་མཁས་པ་ལི་རུའེ་ལིན་གྱིས་དེ་ལྟར་བཤད།།


   2016ལོའི་ཟླ་4པའི་ཚེས་1ཉིན་གྱི་《མཚོ་སྔོན་བོད་ཡིག་གསར་འགྱུར།》ལས་བཤུས། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1