འཇར་མན་གྱིས་རླངས་རོ་དེ་བཟོ་ལས་རྒྱུ་ཆར་སྒྱུར་རྩིས་ཡོད་པ།

ལྷ་དབང་གིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་གསར་འགྱུར་དྲ་བ། སྤེལ་དུས། 08-24


    འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སློབ་གསོ་ཞིབ་འཇུག་པུས་དབྱང་གཉིས་ཐན་འགྱུར་རྫས་འགྱུར་བཟོ་ལས་ཞེས་པའི་ཚན་ཞིབ་རྣམ་གྲངས་ཆེན་པོ་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་ཏེ།    བཟོ་ལས་ཐོན་སྐྱེད་བྱེད་སྐབས་ཕྱིར་འབུད་བྱས་པའི་དབྱང་གཉིས་ཐན་འགྱུར་སོགས་ཀྱི་རླངས་རོ་ཚུར་བསྡུ་བེད་སྤྱོད་བྱས་ནས་དེ་རྫས་འགྱུར་བཟོ་ལས་ལ་མཁོ་བའི་རྒྱུ་ཆར་སྒྱུར་བ་བྱ་རྒྱུ་དང་།    འཇར་མན་བཟོ་ལས་ལས་རིགས་དང་རིག་གཞུང་ལས་རིགས་ཀྱི་མཉམ་ལས་སྒོས་རྣམ་གྲངས་འདི་མཉམ་དུ་བསྒྲུབ་རྒྱུ་རེད།

    སློབ་གསོ་ཞིབ་འཇུག་པུའི་དྲ་ཚིགས་ནས་ངོ་སྤྲོད་བྱས་པ་ལྟར་ན།   རྣམ་གྲངས་འདིར་རྨང་གཞིའི་ཞིབ་འཇུག་དང་། བཀོལ་སྤྱོད་ཞིབ་འཇུག    བཟོ་ལས་ལག་ལེན་བཅས་གཞི་གཅིག་ཏུ་བསྡུས་ཡོད།    འདིའི་དམིགས་ཡུལ་ནི་གོ་ལ་ཧྲིལ་པོར་འཚམ་པའི་ཐག་གཅོད་ཇུས་གཞི་ཞིག་འཚོལ་རྒྱུ་དེ་རེད།  གཞན་སྒྱུར་བྱེད་པའི་བརྒྱུད་རིམ་ལ་མཁོ་བའི་ཆིང་འདི་བསྐྱར་སྐྱེས་ནུས་རྒྱུ་ལས་བྱུང་བའི་གློག་ཤུགས་ལྷག་མ་ནས་བཟོས་ནས་ཐོབ་ཀྱི་ཡོད།    སློབ་གསོ་ཞིབ་འཇུག་པུས་རྣམ་གྲངས་འདིར་ཡོ་རོབ་དངུལ་ལོར་སྒོར་ཁྲི་6000ལྷག་ཙམ་རོགས་སྐྱོར་བྱ་རྒྱུའི་ཁས་ལེན་པ་དང་རྣམ་གྲངས་འདིའི་ནང་ཞུགས་མཁན་ཚོས་ཀྱང་2025ལོའི་གོང་ཡོ་རོབ་དངུལ་ལོར་སྒོར་དུང་ཕྱུར་1ལྷག་ཙམ་གཏོང་རྩིས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1