ཧུང་ཡོན་རྫོང་གིས་དབུལ་བྲལ་འགག་སྒྲོལ་ཀྱི་ལས་ཀར་ཤུགས་བསྣན་པ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ'ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། ཚེ་བརྟན་སྒྲོལ་མས་བསྒྱུར། སྤེལ་དུས། 08-26


  

   ཉེ་ཆར། ཞིང་ཆེན་སྲིད་གཞུང་གི་ལྟ་སྐུལ་ཚན་ཆུང་རྔ་བ་ཁུལ་ཧུང་ཡོན་རྫོང་དུ་དབུལ་བྲལ་འགག་སྒྲོལ་གྱི་ལས་ཀར་བརྟག་དཔྱད་ལྟ་སྐུལ་བྱེད་དུ་སོང་བ་མ་ཟད་འབྲེལ་ཡོད་ཀྱི་ཚོགས་འདུ་འཚོགས། ཚོགས་ཐོག་དུ་ཞིང་དཔོན་གཞོན་པ་ལུའུ་ཅའེ་ཡིས་གསུང་བཤད་གནང་། ཚོགས་འདུའི་ཐོག ཞིང་དཔོན་གཞོན་པ་ལུའུ་ཅའེ་ཡིས་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིང་གིས《བློ་མཐུན་ཝང་ཏུང་མིང་གིས་དབུལ་བྲལ་འགག་སྒྲོལ་ལས་ཀའི་མཛུབ་སྟོན་སྙིང་དོན་སྐོར་གྱི་བྲེལ་མྱུརབརྡ་ཐོ་སློབ་སྦྱོང་དང་ལག་བསྟར་བྱེད་པ། 》བརྒྱུད་བསྒྲགས་གནང་བ་དང་། ཁོང་གིས་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ནན་ཏན་གྱིས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་གལ་ཆེའི་མཛུབ་སྟོན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་མོ་ལེན་པ་དང་། མིག་སྔའི་དབུལ་བྲལ་འགག་སྒྲོལ་ལས་ཀའི་ཕྱོགས་ལྔའི་ཐད་ཀྱི་གནད་དོན་དང་དོན་དངོས་ཀྱི་འགན་འཁྲིའི་འདུ་ཤེས་བཅས་ལ་ཤུགས་སྣོན་དགོས་པ་དང་། ལྷག་པར་དུ་དབུལ་བྲལ་འགག་སྒྲོལ་གྱི་ལས་ཀ་གཙོ་གནད་དུ་རྩིས་ནས་སེམས་ཤུགས་གཉིས་བཀོལ་གྱིས་ད་ལོའི་དབུལ་བྲལ་འགག་སྒྲོལ་གྱི་ལས་འགན་ལེགས་འགྲུབ་ཡོང་བ་ཁག་ཐེག་བྱེད་དགོས།། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1