མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་རྒྱལ་ཁའི་ངང་མཇུག་བསྡུས་པ།

གསར་འགོད་པ་སྐལ་བཟང་ཚེ་བརྟན། རྩོམ་སྒྲིག་པ།སྐལ་བཟང་ཚེ་བརྟན།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 08-26


          

         སྤྱི་ཟླ་8པའི་ཚེས23ཉིན།  མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གི་ཉིན་གསུམ་རིང་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་རྒྱལ་ཁའི་ངང་མཇུག་བསྡུས། ཚོགས་ཞུགས་ཀྱི་ཆེད་མཁས་པ་དང་སྐྱེས་ཆེན་དམ་པ་རྣམས་ཀྱིས་མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གི་མི་ཚེའི་ལོ་རྒྱུས་དང་རིག་གཞུང་ཐད་ནས་ཞིབ་འཇུག་བྱས་པ་དང་། ཁོང་གི་རྒྱལ་གཅེས་བསམ་བློ་དང་རིག་གཞུང་གྲུབ་འབྲས། སློབ་གསོའི་འདུ་ཤེས་སོགས་ཀྱི་ཕྱོགས་ནས་གཏིང་ཟབ་སྒོས་བགྲོ་གླེང་དང་ཞིབ་འཇུག་བྱས། ཚོགས་འདུའི་སྟེང་དུ་རིག་གཞུང་དཔྱད་རྩོམ26ལྷག་འཚོལ་བསྡུ་དང་འདེམས་སྒྲུག་བྱས་ཏེ《 མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གི་རིག་གཞུང་དཔྱད་རྩོམ་གཅེས་བསྡུས།》དེབ་དང་པོ་དེ་ཕྱོགས་བསྒྲིགས་བྱས་པ་དང་། དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གི་བརྩམས་ཆོས་ཆེན་པོ་གསུམ་ཡིག་བསྒྱུར་བྱས་ཤིང་དངོས་བཤུས་གློག་བརྙན་ཞིག་ཕབ་སྐྲུན་བྱས་པས་བགྲོ་གླེང་ཚོགས་འདུར་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱ་ཆེའི་ཤེས་ཡོན་པ་རྣམས་ཀྱིས་མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་མིག་དཔེ་བཟང་པོར་བཟུང་ནས་རང་རང་གི་ལས་གནས་སུ་གང་ཐབས་ཀྱིས་འབད་པ་བྱས་ཏེ་མི་རིགས་སོ་སོའི་མཐུན་སྒྲིལ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བྱ་དགོས་པ་དང་རྔ་བ་ཁུལ་གྱི་སྔར་ལས་ལྷག་པར་འཕེལ་རྒྱས་དང་ཡུན་རིང་གཏན་འཇགས་ཡོང་བར་བྱས་རྗེས་འཇོག་དགོས།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1