སྐབས་དང་པོའི་ཉག་ཆུའི་འབབ་རྒྱུད་ཀྱི་དམར་པོ་ཁམས་ཀྱི་ལྕགས་མདུད་རིག་གནས་ཞིབ་བསྡུར་ཚོགས་འདུ་ཉག་རོང་རྫོང་དུ་འཚོག

དཀོན་རྡོ། རྩོམ་སྒྲིག་པ།དཀོན་རྡོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-26


ཞིབ་འཇུག་ཚོགས་པའི་ཀྲུའུ་ཞུ་སྟེགས་བུ། 

       སྤྱི་ཟླ་8པའི་ཚེས་26ཉིན།    ཉག་རོང་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་།    སི་ཁྲོན་སྤྱི་ཚོགས་ཚན་རིག་ཁང་གི་ཁམས་བོད་ཞིབ་འཇུག་སའོ་ཡིས་གཙོ་གཉེར་བྱས་པའི་སྐབས་དང་པོའི་ཉག་ཆུའི་འབབ་རྒྱུད་ཀྱི་དམར་པོ་ཁམས་ཀྱི་ལྕགས་མདུད་རིག་གནས་ཞིབ་བསྡུར་ཚོགས་འདུ་ཉག་རོང་རྫོང་དུ་འཚོག

      ཚོགས་འདུའི་ཐོག་སི་ཁྲོན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ནོར་བུ་རྒྱལ་མཚན་དང་།    སི་ཁྲོན་སྤྱི་ཚོགས་ཚན་རིག་ཁང་གི་ཧྲུའུ་ཅི་གཞོན་པ་ཁྲེང་ཅིང་ཨན།    ཉག་རོང་རྫོང་ཨུའི་ཧྲུའུ་ཅི་ཚེ་རིང་དབང་འདུས་ཀྱིས་གསུང་བཤད་གནང་།

སི་ཁྲོན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ནོར་བུ་རྒྱལ་མཚན་གྱིས་ཤིས་ཚིག་འབུལ་བཞིན་པ།

      རྒྱལ་ཡོངས་ཀྱི་བོད་རིག་པ་དང་།    ལོ་རྒྱུས་རིག་པ།    མི་རིགས་རིག་པ།    སྤྱི་ཚོགས་རིག་པའི་ཆེད་མཁས་པ་འཇམ་དཔལ་རྒྱ་མཚོ་དང་།    ནོར་བུ་དབང་ལྡན།    ཤེས་རབ་ཉི་མ་སོགས་ཆེད་མཁས་པ་30ཙམ་གྱིས་ཕྱོགས་གང་ཐད་ནས་ཉག་རོང་གི་ལྕགས་མདུད་ལོ་རྒྱུས་རིག་གནས་ལ་བགྲོ་གླེང་གཏིང་ཟབ་གནང་། 

      ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི།    བོད་ཀྱི་རྩོམ་པ་པོ་གྲགས་ཅན་ཨ་ལེ་དང་།    ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སྔོན་གྱི་སློབ་གཙོ་གཞོན་པ་ཤེས་རབ་ཉི་མ།    སི་ཁྲོན་སློབ་ཆེན་གྱི་བོད་རིག་པ་ཞུབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེན་མོ་ཧྲི་ཧྲའོ་ཡིས་གཙོ་དོན་ཐད་གཏམ་བཤད་གནང་།

ཆེད་མཁས་པ་དང་རིག་གཞུང་ཞིབ་འཇུག་པ།

       མཁས་དབང་རྣམས་ཀྱིས་ཉག་རོང་གི་ལྕགས་མདུད་རིག་གནས་ནི་ཁམས་པའི་རིག་གནས་ལས་ཆེས་གནའ་ཉམས་དོད་པའི་རིག་གནས་ཤིག་ཡིན་ཞིང་།    ས་གནས་འདིར་ཆོས་ལུགས་དད་མོས་དང་།    ཡུལ་སྲོལ་གོམས་གཤིས།    མཛེས་པའི་རི་ཆུ་ལྡན་ཞིང་།    ལྷག་པར་དུ་ཉག་སྐེད་མགོན་པོ་རྣམས་རྒྱལ་གྱི་དཔའ་བོའི་གཏམ་རྒྱུད་སོགས་ཀྱིས་ལྕགས་མདུད་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་རིན་ཐང་མཚོན་ཡོད་པའི་གཅིག་གྱུར་གྱི་ངོས་འཛིན་གནང་།

      མཁས་དབང་རྣམ་པས་ད་དུང་ཉག་རོང་གི་སྨན་འབག་རིག་གནས་དང་།    སྤང་རི་ཟམ་པ།    ཀླུ་མོ་ར་དགོན་པ།    ཟངས་མདོག་དཔལ་རི་སོགས་སུ་རྟོག་ཞིབ་གནང་། །

ཚོགས་འདུའི་བགྲོ་གླེང་གྱི་ཡུལ་དངོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1