གཏམ་བརྗོད་ཟློས་གར་ཆེ་གྲས་《ཐུན་མོང་གི་ཁྱིམ་གཞིས་》ཞེས་པ་ལྷ་སར་འཁྲབ་སྟོན་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-23


      བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་བསུ་བ་ཞུ་ཆེད། ཟླ་3ཚེས་20ཉིན་གྱི་དགོང་མོར། རྒྱལ་གཅེས་རིང་ལུགས་ཀྱི་གཏམ་བརྗོད་ཟློས་གར་ཆེ་གྲས་《ཐུན་མོང་གི་ཁྱིམ་གཞིས་》ཞེས་པ་བོད་རང་སྐྱོང་ལྗོངས་ལྷ་མོའི་སྒྱུ་རྩལ་ལྟེ་གནས་སུ་འཁྲབ་སྟོན་བྱས་ཡོད་པ་རེད།
     གཏམ་བརྗོད་ཟློས་གར་ཆེ་གྲས་《ཐུན་མོང་གི་ཁྱིམ་གཞིས་》ཞེས་པ་ནི་ལོ་རྒྱུས་ཀྱི་དོན་རྐྱེན་ངོ་མ་གཞིར་བཟུང་ནས་གསར་རྩོམ་བྱས་པ་སྟེ། ཉལ་ཐའི་དམག་འཁྲུག་ཐེངས་དང་པོའི་སྐབས་སུ་མི་2000ལྷག་ཙམ་ཡོད་པའི་བོད་རིགས་ཀྱི་དམག་དཔུང་ཞིག་ཉིང་པའོ་རུ་སྐྱོད་དེ། ཆིང་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་དང་རྒྱ་རིགས། མན་ཇུ་རིགས། སོག་པོ། ཧུད་རིགས། ཆའང་རིགས་སོགས་སྤུན་ཟླའི་མི་རིགས་ལ་གཞོགས་འདེགས་བྱས་ནས་མཉམ་གཅིག་ཏུ་དབྱིན་དམག་གི་བཙན་འཛུལ་ལ་འགོག་རྒོལ་བྱེད་ནས་ཁྱིམ་གཞིས་སྲུང་སྐྱོབ་བྱེད་ཅིང་། མཇུག་མཐར་དམག་ས་བརྟན་སྲུང་བྱེད་པའི་གཏམ་རྒྱུད་ཅིག་ཡིན་པ་རེད།
     རྒྱུས་ལོན་བྱས་པར་གཞིགས་ན། གཏམ་བརྗོད་ཟློས་གར་ཆེ་གྲས་《ཐུན་མོང་གི་ཁྱིམ་གཞིས་》ཞེས་པ་འདི་2017ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་གར་སྟེགས་སྒྱུ་རྩལ་སྤུས་དག་གསར་གཏོད་ཀྱི་རོགས་སྐྱོར་ལས་དོན་གྱི་གཙོ་གནད་ཟློས་གར་རྣམ་གྲངས་ཆེ་གྲས་བཅུའི་གྲས་སུ་བཅུག་ཡོད།  ཟླ་3ཚེས་20ཉིན་ལྷ་སར་འཁྲབ་སྟོན་བྱེད་རྗེས་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་གྱི་འཐུས་ཚབ་བྱེད་ནས་པེ་ཅིང་དུ་2018ལོའི་རྒྱལ་ཡོངས་ཀྱི་གར་སྟེགས་སྒྱུ་རྩལ་ཕུལ་བྱུང་ཟློས་གར་འགྲེམས་འཁྲབ་དང་། ཀྲུང་གོའི་རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭ་བཅས་སུ་ཐེངས་གསུམ་འཁྲབ་སྟོན་བྱ་རྒྱུ་ཡིན་ལ། བཀོད་སྒྲིག་བྱས་པར་གཞིར་བཟུང་ན། 2018ལོའི་ལོ་མཇུག་ཏུ་གཏམ་བརྗོད་ཟློས་གར་དེ་ད་དུང་ཆབ་མདོ་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་སོགས་གཞི་རིམ་མང་ཚོགས་ལ་འཁྲབ་སྟོན་བྱེད་ནས། མང་ཚོགས་ཀྱི་ཁྲོད་དུ་སྤུས་རྟགས་འཁྲབ་ཚན་དེ་གཟིགས་མོ་བ་ཚོར་ཕུལ་ཏེ། གཞི་རིམ་མང་ཚོགས་ཀྱིས་བོད་ལྗོངས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་བྱུང་བའི་གྲུབ་འབྲས་ལོངས་སུ་སྤྱོད་དུ་བཅུག་རྒྱུ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1