བྱང་ཁོ་རེ་ཡས་འཇར་པན་གྱིས་ལོ་རྒྱུས་ཀྱི་ཉེས་པ་དག་ཐར་བྱེད་དགོས་ཞེས་བསྟན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-18


               སྤྱི་ཟླ་8ཚེས་16ཉིན་མིང་བཀོད་པའི་རྩོམ་ཡིག་སྤེལ་ནས། འཇར་པན་གྱིས་ངེས་པར་དུ་ལོ་རྒྱུས་ལ་རང་ནོངས་བསམ་ཞིབ་བྱས་ནས། ལོ་རྒྱུས་ཀྱི་ཉས་པ་དག་ཐར་བྱེད་དགོས་ཞེས་བསྟན་ཡོད།

               འཇར་པན་གྱིས་ཁོ་རེ་ཡ་གླིང་ཕྲན་མར་བཙན་བཟུང་བྱེད་རིང་བྱང་ཁོ་རེ་ཡའི་མི་དམངས་ལ་འགྲོ་བ་མིའི་རིགས་ལ་ངོ་རྒོལ་བྱེད་པའི་ཉེས་པ་ཆེན་པོ་བསགས་ཡོད་པ་དང་། དེའི་ནང་བྱང་ཁོ་རེ་ཡའི་མི་དམངས་ས་ཡ་གཅིག་བསད་པ་དང་། བྱང་ཁོ་རེ་ཡའི་བུད་མེད་ཉིས་འབུམ་སེམས་གསོ་མ་ཡི་ལས་ཀ་བྱེད་དུ་བཅུག་པ་སོགས་ཚུད་ཡོད། བཙན་བསྡུ་དང་བཙན་ཁྲིད་བྱེད་པའི་བྱ་སྤྱོད་རབ་དང་རིམ་པ་ནི་འཇར་པན་སྲིད་གཞུང་གིས་སྒྲིག་འཛུགས་ཡོད་པའི་ངང་སྤེལ་བ་ཞིག་ཡིན་ཞེས་འཁོད་ཡོད་པ་མ་ཟད། འཇར་པན་གྱིས་བསགས་པའི་ཉེས་པ་གྲངས་ལས་འདས་ཡོད། ལོ་རྒྱུས་ལ་རང་ནོངས་བསམ་ཞིབ་བྱེད་པ་དང་། ཉེས་པ་དག་ཐར་བྱེད་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཇར་པན་ལ་བཏོན་པའི་བླང་བྱ་ཞིག་ཡིན་ལ། དུས་རབས་ཀྱི་ལྡོག་ཐབས་མེད་པའི་འཕེལ་ཕྱོགས་ཞིག་ཡིན་ཞེས་བསྟན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1