བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཁག་13རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཁག་བཞི་པའི་སྤྱི་བསྒྲགས་མིང་གཞུང་ནང་བདམས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-19


            ཉེ་ཆར་རིག་གནས་པུའི་གཞུང་ལས་ཐིང་ནས་ཡོངས་བསྒྲགས་བྱས་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས་ཁག་བཞི་པའི་སྤྱི་བསྒྲགས་མིང་གཞུང་ནང་། བོད་རང་སྐྱོང་ལྗོངས་ཀྱི་འོང་སྐོར་དང་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཐབས།་བསམ་ཡས་དགོན་པའི་གར་འཆམ་སོགས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་13ཚུད་ཡོད་པས་དེའི་ཐོག་ནས་ལོ་ངོ་སྟོང་རིང་རྒྱུན་འཛིན་ཐུབ་པའི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དེ་དག་དེ་བས་སྲུང་སྐྱོང་དང་རྒྱུན་འཛིན་ནུས་ལྡན་ཐུབ་རེ་ཡོད་པ་མཚོན་གྱི་ཡོད།
            གྲངས་གཞི་ལས་གསལ་བར། མིག་སྔར་བོད་ལྗོངས་སུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་76ཡོད་པ་དང་རྒྱུན་འཛིན་པ་68རྒྱལ་ཁབ་རིམ་པའི་མིང་གཞུང་ནང་བདམས་ཡོད། རྣམ་གྲངས་323དང་རྒྱུན་འཛིན་པ་350རང་སྐྱོང་ལྗོངས་རིམ་པའི་མིང་གཞུང་ནང་བདམས་པ་མ་ཟད། གཞི་རྩའི་ཆར་རྒྱལ་ཁབ་དང་རང་སྐྱོང་ལྗོངས། ས་ཁུལ(གྲོང་ཁྱེར)་རྫོང་བཅས་རིམ་པ་བཞི་ཡི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་མ་ལག་གྲུབ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1