རྒྱལ་ཡོངས་ཀྱི་བོད་ཡིག་སྨྱན་བྱད་མཐུན་སྦྱོར་ལས་ཀའི་ཚོགས་འདུ་ཐེངས་བཅུ་བཞི་པ་དར་རྩེ་མདོ་ནས་གཟབ་རྒྱས་ངང་འཚོགས།

སྒྲོལ་མ་ཚེ་བརྟན་གྱིས་བསྒྱུར། རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-21


         སྤྱི་ཟླ་8པའི་ཚེས་20ཉིན།  དཀར་མཛེས་ཚགས་པར་ཁང་གིས་གཙོ་སྒྲུབ་བྱས་པའི་རྒྱལ་ཡོངས་ཀྱི་བོད་ཡིག་སྨྱན་བྱད་མཐུན་སྦྱོར་ལས་ཀའི་ཚོགས་འདུ་ཐེངས་བཅུ་བཞི་པ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་རྫོང་ནས་གཟབ་རྒྱས་ངང་འཚོགས། པེ་ཅིང་དང་བོད་ལྗོངས། མཚོ་སྔོན།  སི་ཁྲོན། ཡུན་ནན་བདེ་ཆེན། ཀན་སུའུ་ཀན་ལྷོ་སོགས་ནས་ཡོང་པའི་བོད་ཡིག་གི་ཚགས་པར་དང་དུབ་དེབ་ཁང་། དྲ་བ་སོགས་ལས་རིགས་ཁག་གི་གསར་འགོད་མི་སྣ་བསྡོམས་པས་མི་80ལྷག་གྲོས་ཚོགས་སུ་ཞུགས།
         དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཁུལ་ཨུའི་དྲུང་ཡིག་གཞོན་པ་ཞ་ཡུང་ཀྲིས་གྲོས་ཚོགས་ལ་འགོ་འཛིན་མཛད་པ་དང་། མཚོ་སྔོན་ཚགས་པར་ཁང་གི་ཧྲེ་ཀྲང་གཞོན་པ་དགེ་གཉེན་དང་དཀར་མཛེས་ཁུལ་ཨུའི་རྒྱུན་ལས། ཁྱབ་བསྒྲགས་པུའུ་ཡི་པུའུ་ཀྲང་། སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་བྱམས་ལོ་རྣམ་གཉིས་ཀྱིས་གཏམ་བཤད་གནང་།  བོད་ལྗོངས་ཚགས་པར་ཁང་གི་ཧྲེ་ཀྲང་གཞོན་པ་ངག་དབང་ཚེ་རིང་དང་དཀར་མཛེས་ཁུལ་གྱི་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་དམངས་འཐུས། ཁུལ་སྲིད་གྲོས་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་རྣམས་ཀྱང་གྲོས་ཚོགས་སུ་ཞུགས།
  
           ཐེངས་འདིའི་གྲོས་ཚོགས་གིས་བོད་ཡིག་སྨྱན་སྦྱོར་གྱི་ལས་ཀའི་ཁྲོད་རྟག་པར་འཕྲད་བཞིན་པའི་མིང་ཚིག་གསར་པའམ་བརྡ་ཆད་གསར་པ་གཅིག་གྱུར་དང་།  བོད་ཡིག་གི་ཚགས་པར་དང་དུས་དེབ། རྒྱང་བསྒྲགས་བརྙན་འཕྲིན། དྲ་ངོས་སུ་སྤེལ་བའི་གསར་འགྱུར་ལེགས་པོ།  བསྒྱུར་རྩོམ་ཡག་པོ།  པར་ངོས་ཡག་པོ།  ཕུལ་བྱུང་དཔྱད་རྩོམ་སོགས་ལ་དཔྱད་བསྡུར་བྱས་ནས་བྱ་དགའ་གནང་རྒྱུ་རེད།
  
ཚགས་པར་དང་དུས་དེབ། དྲ་བ་སོགས་ཀྱི་མ་ཡིག་དཔྱད་བསྡུར་ཚོགས་ཆུང་།
  
མིང་ཚིག་གསར་པའམ་བརྡ་ཆད་གསར་པའི་མ་ཡིག་དཔྱད་བསྡུར་ཚོགས་ཆུང་།
  
བརྙན་འཕྲིན་ཁང་དང་། རྒྱང་བསྒྲགས་ཁང་སོགས་ཀྱི་མ་ཡིག་དཔྱད་བསྡུར་ཚོགས་ཆུང་། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1