རྒྱལ་ཡོངས་ཀྱི་དཔེ་ཁང་མང་པོ་ཞིག་ནས་ཏེན་ཞའོ་ཕིང་སྐུ་འཁྲུངས་ནས་ལོ་འཁོར་110འཁོར་བའི་རྗེས་དྲན་བརྗོད་བྱ་བྱས་པའི་དཔེ་སྒྲོམ་གསར་པ་བཞག་ཡོད། སྤྱི་ཟླ་8པའི་ཚེས་22ཉིན། ཏེན་ཞའོ་ཕིང་སྐུ་འཁྲུངས་ནས་ལོ་འཁོར་110ལོན་པའི་སྐབས་སུ། དེ་དང་འབྲེལ་བའི་དཔེ་དེབ་མང་པོ་ཞིག་ཀྱང་སྔ་རྗེས་སུ་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་མིག་མདུན་དུ་བཤམས་ཡོད།
མི་རིགས་དཔེ་སྐྲུན་ཁང་དང་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཧྲང་ཧའེ་མི་རིགས་དཔེ་སྐྲུན་ཁང་། ད་དུང་འཚོ་བ་དང་དཔེ་ཀློག ཤེས་བྱ་གསར་པ་བཅས་གསུམ་འབྲེལ་དཔེ་སྐྲུན་ཁང་སོགས་ཀྱི་དཔེ་སྐྲུན་ལས་ཁུངས་ནས། རང་ཉིད་ཀྱི་ཆ་རྐྱེན་ལེགས་པོ་རྨང་གཞི་བྱས་ཏེ། དཔེ་དེབ་བཟང་པོ་སྐོར་ཞིག་ཕྱོགས་བསྡུས་ཀྱིས་ཕྱི་འགྲེམ་བྱས་ཡོད།
དེ་མིན་དཔེ་ཁང་གཞན་མང་པོ་ཞིག་གིས་ཀྱང་འབྲེལ་ཡོད་བརྗོད་བྱ་ཅན་གྱི་དཔེ་སྒྲོམ་གསར་འཇོག་བྱས་ནས་ཀློག་པ་པོ་རྣམས་ཀྱི་དཔེ་ཀློག་རེ་འདུན་བསྐོང་ཐབས་བྱེད་བཞིན་ཡོད།
ཉེ་ཆར། ཧྲང་ཧའེ་མི་རིགས་པར་སྐྲུན་ཁང་གིས་ངས་མཐོང་བའི་ཏེན་ཞའོ་ཕིང་དང་།ཏེན་ཞའོ་ཕིང་ཧྲང་ཧའེ་རུ་བཞུགས་དུས། ཏེན་ཞའོ་ཕིང་དང་ཀྲུང་གོའི་དམངས་གཙོ། ཁྲིམས་ལུགས། འགྲོ་བ་མའི་ཐོབ་ཐང་། བཅས་དཔེ་དེབ་གསུམ་ཕྱི་འགྲེམ་བྱས་ཡོད།
དཔེ་སྐྲུན་ཁང་གི་འགོ་འཛིན་ཝང་ཞིན་ཁང་གིས་གསར་འགོད་པར་བཤད་རྒྱུར། བརྩམས་ཆོས་འདི་དག་བརྒྱུད་ནས། ཀློག་པ་པོ་རྣམས་ཀྱིས་ཕྱོགས་མང་པོ་ནས་ཏེན་ཞའོ་ཕིང་གི་བསམ་བློའི་ལོ་རྒྱུས་ཀྱི་ལམ་བུར་རྒྱུས་ལོན་དང་ཤེས་རྟོགས་བྱ་ཐུབ་ཞེས་བཤད།