ཐེན་ཅིང་དུ་ཀན་ལྷོའི་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-28


      ཉེ་ཆར། ཐེན་ཅིང་གྲོང་ཁྱེར་རྩོམ་རིག་དང་སྒྱུ་རྩལ་ལས་རིགས་ཀྱི་མཉམ་འབྲེལ་ལྷན་ཚོགས་དང་། ཐེན་ཅིང་གྲོང་ཁྱེར་མཛེས་རྩལ་བའི་མཐུན་ཚོགས། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་དང་སྒྱུ་རྩལ་ལས་རིགས་ཀྱི་མཉམ་འབྲེལ་ལྷན་ཚོགས། ཀན་ལྷོ་ཁུལ་མཛེས་རྩལ་བའི་མཐུན་ཚོགས་བཅས་ཀྱིས་གཙོ་གཉེར་བྱེད་པའི"དམངས་ཀྱི་ཁྲོད་དུ་སྐྱོད། ཐེན་ཅིང་དང་ཀན་ལྷོའི་མཛེས་རྩལ་བརྩམས་ཆོས་འགྲེམས་སྟོན"ཞེས་པ་ཏུང་ལི་ཆུས་ཀྱི་མཛེས་རྩལ་ཁང་དུ་སྤེལ་བ་རེད། 

     མཉམ་འབྲེལ་འགྲེམས་སྟོན་ཐོག ས་ཆ་གཉིས་ཀྱི་མཛེས་རྩལ་བས་གསར་རྩོམ་བྱས་པའི་རང་རྒྱལ་གྱི་སྲོལ་རྒྱུན་རི་མོ་དང་སྣུམ་རིས། མཚོན་རིས། ཐང་ག་དང་ཉར་ཚགས་བྱས་པའི་བརྩམས་ཆོས་བཅས་200ལྷག་ཙམ་འགྲེམས་སྟོན་བྱས་པ་རེད། བརྩམས་ཆོས་འདི་དག་བརྗོད་དོན་གཏིང་ཟབ་ལ་ཕུན་སུམ་ཚོགས་པ་དང་། སྒྱུ་རྩལ་གྱི་ཆུ་ཚད་མཐོ་བ། འཚོ་བའི་བྲོ་བ་རབ་ཏུ་ལྡན་པ་བཅས་ཡོད། དེ་དག་ཁྲོད། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྷ་རིས་པའི་ཐང་གའི་བརྩམས་ཆོས་20ལྷག་ཙམ་ཡོད་པ་དེ་དག་ཚོན་མདོག་རབ་ཏུ་བཀྲ་ལ་ཡིད་དབང་འཕྲོག་པ་དང་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པས། ཐེངས་འདིའི་འགྲེམས་སྟོན་གྱི་རྣམ་པ་མཛེས་ཤོས་ཤིག་ཏུ་གྱུར་པ་དང་། མི་རྣམས་ཀྱི་བསྔགས་བརྗོད་མགྲིན་གཅིག་ཏུ་ཐོབ་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1