མཛོད་དགེ་རྫོང་གིས་ས་གཤིས་གནོད་འཚེར་རྟོག་ཞིབ་བྱས་པ།

ཆོས་རྒྱས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-28


     ས་གཤིས་གནོད་སྐྱོན་འགོག་བཅོས་ལག་བསྟར་དོན་འཁྱོལ་ཡོང་ཆེད་དང་། མང་ཚོགས་ཀྱིས་ཞོད་དུས་བདེ་འཇགས་ཀྱིས་སྐྱེལ་ཕྱིར་དུ། ཉེ་ཆར་མཛོད་དགེ་རྫོང་རྒྱལ་ཁབ་ས་ཁོངས་སྡེ་ཁག་གིས་སི་ཁྲོན་ཞིང་ཆེན་ཧྭ་ཏི་འཛུགས་སྐྲུན་ལས་གཞི་ཚད་ཡོད་ཀུང་སིའི་ཆེད་མཁས་པ་དང་མཉམ་འབྲེལ་གྱིས་རྟོག་ཞིབ་ཚོ་ཆུང་བཙུགས་ཏེ། དཔལ་སྐྱིད་དང་ཐེ་བོའི་ཁུལ་གྱི་ས་གཤིས་གནོད་འཚེར་རྟོག་ཞིབ་བྱས་འདུག
     ཐེངས་འདིའི་རྟོག་ཞིབ་དུ་སྙན་ཞུར་ཉན་པ་དང་། ཡིག་ཆ་ཀློག་པ། ཡུལ་དངོས་རྟོག་ཞིབ་སོགས་ཀྱི་སྒོ་ནས་ཡུལ་གྲོང་སོ་སོའི་གནོད་འགོག་ལག་བསྟར་དང་། བྱང་བུ་གཅིག་དང་རེའུ་མིག་གཉིས་བཀྲམ་སྟེ་མངོན་མེད་རྐྱེན་ངན་ཞིབ་བཤེར། ས་གཤིས་གནོད་འཚེ་འགོག་བཅོས་ལས་གཞི། དྲིལ་སྒྲོག་གསོ་སྦྱོང་དང་སྦྱོང་བརྡར་སོགས་ཀྱི་གནས་ཚུལ་ཞིབ་བཤེར་བྱས་ཡོད།
     ད་ལྟའི་བར་དུ་རྫོང་ཡོངས་ཀྱི་ས་གཤིས་གནོད་འཚེ91བསལ་བས། ཁྱིམ་ཚང1000དང་མི་འབོར5077ཁེབས་ཡོད་པས། སྒོར་ཁྲི22579ཡི་རྒྱུ་ནོར་གྱི་གྱོང་གུད་བཀག་ཅིང་། གནོད་འགོག་འགན་འཁུར་བ་དང་རྟོག་ཞིབ་པ97ལག་བསྟར་བྱས་པ་དང་། བྱང་བུ་གཅིག་དང་རེའུ་མིག་གཉིས1200བཀྲམ་མོ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1