གཞོན་ནུའི་ཨའོ་ལིན་ཕིག་ལུས་རྩལ་གྲོང་ཚོའི་དགའ་སྤྲོའི་རྣམ་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-26


 
            སྤྱི་ཟླ་8པའི་ཚེས་24ཉིན། ནན་ཅིང་དུ་ཆར་པ་ཆེན་པོ་ཞིག་འབབ་བཞིན་ཡོད་པ་དང་། ཅ་མེ་ཁ་ནས་ཡིན་པའི་ཆུ་རྐྱལ་ལུས་རྩལ་པ་ཝེ་ལན་མུ་སིའི་ངོས་ནས་བཤད་ཚེ། གཞོན་ནུའི་ཨའོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་སྔ་ས་ནས་མཇུག་བསྒྲིལ་ཟིན་ཡོད། ཡིན་ནའང་ཁོ་པས་སྔར་བཞིན་ཟིན་ཐོ་གཞན་ཞིག་གཏོད་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་དེ། སྒུལ་ནུས་གློག་འདོན་རྐྱང་འཁོར་གྱི་གློག་འདོན་ཟིན་ཐོ་གཏོད་ཆེད། ལོ་18ལ་སོན་པའི་ན་གཞོན་དེས་ཉིན་ལྟར་གཞོན་ནུའི་ཨའོ་ལིན་ཕིག་ལུས་རྩལ་གྲོང་ཚོའི་ལྗང་མདོག་བར་ཁམས། ཁོར་ཡུག་སྲུང་སྐྱོབ་ཁང་ཆུང་ཞེས་པའི་ནང་སྦྱོང་བརྡར་བྱེད་པར་ཡོང་གི་ཡོད།
            གནས་ཚུལ་དེ་དང་འདྲ་བ་གཞོན་ནུའི་ཨའོ་ལིན་ཕིག་ལུས་རྩལ་གྲོང་ཚོར་གྲངས་ལས་འདས་པ་མཐོང་རྒྱུ་ཡོད། ལུས་རྩལ་པ་ཡོངས་ཀྱིས་འགྲན་བསྡུར་མ་ཚར་རིང་གཞོན་ནུའི་ཨའོ་ལིན་ཕིག་ལུས་རྩལ་གྲོང་ཚོར་གནས་སྡོད་བྱེད་དགོས་པ་གཏན་འཁེལ་བྱས་པ་དེས་རིགས་རྒྱུད་མི་གཅིག་པའི་གཞོན་ནུ་ཚོར་ཕན་ཚུན་འབྲེལ་གཏུག་བྱེད་པའི་གོ་སྐབས་དེ་བས་མང་བ་སྐྲུན་ཡོད་ཅིང་། སྙིང་བསྡུས་ཀྱི་གཞོན་ནུའི་ཁོར་ཡུག་འདིའི་ནང་། བྱ་དགའི་རྟགས་མ་དེ་གཞོན་ནུ་ཚོའི་བརྩོན་ལེན་བྱ་ཡུལ་ཉག་ཅིག་དེ་མ་ཡིན་པར། ཐུན་མོང་མིན་ལ་སྙིང་དོན་ལྡན་པའི་རིག་གནས་སློབ་གསོའི་བྱེད་སྒོ་ཁག་ཁོང་ཚོས་ཚེ་གང་བརྗེད་ཐབས་མེད་པའི་ནང་དོན་ཞིག་ཏུ་འགྱུར་སྲིད།
 
                གལ་ཏེ་ནན་ཅིང་གཞོན་ནུའི་ཨའོ་རྩལ་འགྲན་ཚོགས་ཀྱི་དགའ་བསུ་ཐོབ་མང་ཤོས་ཀྱི་ས་ཆ་བདམས་དགོས་ཚེ། ལུས་རྩལ་ཚོད་ལྟ་ཁང་བདམས་རྒྱུ་ནི་ཐེ་ཚོམ་བྱེད་མི་དགོས་པ་ཞིག་རེད། རྒྱལ་སྤྱིའི་ཨའོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལུས་རྩལ་ཚོད་ལྟ་ཁང་གིས་ཉིན་ལྟར་མི་སུམ་སྟོང་ཙམ་ལ་སྣེ་ལེན་ཞུ་གི་ཡོད་པ་དང་། དེའི་ནང་ཕྱེད་ཀ་གཞོན་ནུ་ཡིན་པ་རེད། ཚོད་ལྟའི་ཞིང་ས་དེའི་སྟེང་། བྲག་རི་འཛེགས་པ་དང་། འདྲེད་འཁོར་གཏོང་བ། འདྲེད་བཤུད་གཏོང་བ། དྲག་རྩལ་བཅས་ཨའོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་མིན་པའི་རྣམ་གྲངས་བཞིའི་ནང་ཞུགས་མཁན་ཚང་མ་ནི་འཛམ་གླིང་རིམ་པའི་གྲགས་ཅན་ལུས་རྩལ་པ་ཤ་སྟག་ཡིན་པ་དང་། ཁོང་ཚོས་རྩེར་སོན་གྱི་རྩལ་ནུས་ངོམས་པ་ཕུད། དེ་བས་སྤོབས་ཉམས་དོར་ཏེ་ཕྲུ་གུ་ཚོ་དང་སྤེལ་རེས་བྱེད་ཀྱི་ཡོད།
                 ནན་ཅིང་གཞོན་ནུའི་ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཐོག དཔེ་བཟང་ལུས་རྩལ་པ་38ཀྱིས་རིག་གནས་སློབ་གསོའི་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོའི་ནང་ཞུགས་པ་དང་། ན་གཞོན་ལུས་རྩལ་པ་3800ལྷག་རང་ཉིད་ཀྱིས་གུས་བཀུར་ཞུ་བའི་མི་སྣའི་སྙིང་སྟོབས་ཀྱི་རྒྱུན་འཛིན་པར་འགྱུར་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1