མཚོ་དམག་གིས་ཤིང་རྟ་ལོའི་ཀྲུང་འཇའ་དམག་འཁྲུག་ལོ་120འགོར་རྗེས་ཀྱི་མཚོ་ཐོག་རྗེས་དྲན་ཆོ་ག་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-29


མཚོ་དམག་གིས་ཤིང་རྟ་ལོའི་ཀྲུང་འཇའ་དམག་འཁྲུག་ལོ་120འགོར་རྗེས་ཀྱི་མཚོ་ཐོག་རྗེས་དྲན་ཆོ་ག་སྤེལ།  རྟེན་འབྲེལ་མེ་སྒྱོགས་ཐེངས་19བརྒྱབས་ནས་གུས་འདུད་མཚོན་པར་བྱས་ཡོད།
       སྤྱི་ཟླ་8པའི་ཚེས་27ཉིན་གྱི་སྔོ་དྲོར། མཚོ་དམག་གིས་ཤིང་རྟ་ལོའི་ཀྲུང་འཇའ་དམག་འཁྲུག་ལོ་120འགོར་རྗེས་མཚོ་ཐོག་ནས་རྗེས་དྲན་ཆོ་ག་སྤེལ་ཞིང་། རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་པེ་དབྱང་དམག་ལ་དྲན་གསོ་བྱས། རླངས་དུང་གི་སྒྲ་དབྱངས་ཁྲོད་དུ། དཔོན་དམག་དྲུག་བརྒྱ་ལྷག་གིས་མྱ་ངན་ཞུས་པ་དང་། རྟེན་འབྲེལ་མེ་སྒྱོགས་ཐེངས་19འཕངས་ནས་སྔོན་གཤེགས་དཔའ་བོར་གུས་འདུད་ཞུས། དཔོན་དམག་གི་སྐུ་ཚབ་པས་གཟི་བརྗིད་ལྡན་པའི་ངང་། ལོ་རྒྱུས་ལ་མིག་ལྟོས་བགྱིས་ནས་རྒྱལ་ཁབ་ཀྱི་རང་མཚང་བརྗེད་མི་རུང་ཞིང་། དྲག་དམག་གི་དམག་སྦྱོང་ལ་བརྟེན་ནས་རང་རྒྱལ་གྱི་མཚོ་ཁོངས་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་དམ་བཅའ་བཞག
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1