རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེད་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་ཆེད་མངག་ཕོ་ཉ་ལི་ཧུང་ཡིང་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-29


     སྤྱི་ཟླ་8པའི་ཚེས་27ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ནས་ཝེད་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་ཆེད་མངག་ཕོ་ཉ། ཝེད་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི་ལི་ཧུང་ཡིང་ལ་མཇལ་འཕྲད་གནང་།
     མཇལ་འཕྲད་གནང་སྐབས་ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་ཝེད་ནམ་ཏང་གཉིས་ཀྱི་མཐོ་རིམ་གྱིས་ཁྱོན་ཡོངས་ལ་དམིགས་ཏེ་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་དུས་ཐོག་ཏུ་གནད་དོན་གལ་ཆེན་ཐད་ནས་འབྲེལ་འདྲིས་ཟབ་མོ་བྱེད་དགོས། འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་ལ་དམིགས་པ་རྒྱུན་འཁྱོངས་བྱས་ནས་ཀྲུང་གོ་དང་ཝེད་ནམ་བར་གྱི་འབྲེལ་བར་སྣེ་ཁྲིད་བྱེད་པ་དང་། ལྷག་པར་དུ་གནད་འགག་གི་སྐབས་སུ་ཡང་དག་པའི་ཆབ་སྲིད་ཀྱི་ཆོད་སེམས་བརྟན་པོ་ཡོད་དགོས།  ཀྲུང་གོ་ཕྱོགས་ཀྱིས་ཡུན་རིང་དུ་བརྟན་འཇགས་དང་མ་འོངས་པར་ཁ་ཕྱོགས་པ། ཕྱོགས་ཡོངས་ཀྱི་མཉམ་ལས་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་ཝེད་ནམ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཅེས་གསུངས།
    ལི་ཧུང་ཡིང་གིས་བཤད་རྒྱུར། ཝེད་ནམ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་འདྲིས་དང་མཐུན་སྦྱོར་བཟང་བོ་བྱེད་པ་དང་། ཕན་ཚུན་བར་གྱི་ཡིད་ཆེས་ཇེ་བརྟན་དང་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་ཞིང་གནད་དོན་སྣ་ཚོགས་འོས་འཚམ་སྒོས་ཐག་བཅད་ནས། ཝེད་ནམ་དང་ཀྲུང་གོ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་སྐུལ་འདེད་གཏོང་བ་དེ་ས་གནས་ཀྱི་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་བཅས་ལ་ཕན་པ་ཡོད་ཟེར། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1