ཡོངས་འཛིན་འཚོལ་བཤེར་སྤྱོད་ཚད་ཀྱི་རྟོག་དཔྱོད་དྲི་ཤོག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-03


        སྐུ་ཁམས་བཟང་། ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་དངོས་སུ་ཤར་གཏོང་བྱས་པའི་ཚུན་ལ། པར་གཞི་དང་བྱེད་ནུས་སོགས་གང་ཅི་ཐད་ནས་སྤྱོད་མཁན་རྣམས་ཀྱི་འདོད་མོས་ལྟར་ལེགས་བཅོས་དང་འཐུས་ཚང་དུ་གཏོང་བཞིན་ཡོད་ཅིང་། རྗེས་སོར་མུ་མཐུད་དུ་སྤྱོད་མཁན་རྣམས་ཀྱི་འཚོལ་བཤེར་གྱི་དགོས་མཁོ་ཡོངས་སུ་བསྐང་རྒྱུ་དམིགས་བྱ་དང་པོ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཙོ་བོར་བཟུང་ནས། ཁྱེད་རྣམ་པའི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་ཏེ། ང་ཚོ་ཐུན་མོང་ལ་དབང་བའི་བོད་ཡིག་གི་འཚོལ་བཤེར་མ་ལག་ཐོག་མ་སྟེ་ཡོངས་འཛིན་འདི་ཉིད་ཇེ་རྒྱས་ཇེ་ལེགས་སུ་གཏོང་ཆེད་རྟོག་དཔྱོད་དྲི་ཤོག་འདི་སྤེལ་བ་ཡིན། ཐེངས་འདིའི་རྟོག་དཔྱོད་ཀྱི་དུས་ཡུན་ནི་སྤྱི་ལོ༢༠༡༨ལོའི་ཟླ༦པའི་ཚེས༢༨ཉིན་ནས་ཟླ༧པའི་ཚེས༣༡ཉིན་བར་ཡིན། རྒྱ་ཆེའི་དྲ་དམངས་ཡོངས་ཀྱིས་རྟོག་དཔྱོད་འདི་ལ་རང་གི་མྱོང་བ་དངོས་དང་འབྲེལ་ཏེ་ལན་གདབ་པར་ཐུགས་རྗེ་ཆེ་ཞུ།

        ཁྱེད་ཀྱིས་རྩ་གཉིས་ཨང་རིས་འདི་བཤེར་ནས། རྟོག་དཔྱོད་དྲི་ཤོག་འབྲི་བར་ཐུགས་རྗེ་ཆེ་ཞུ།

        རྟོག་དཔྱོད་དྲི་ཤོག་གི་དྲ་གནས།
གློག་ཀླད་དྲ་གནས། https://yongzin.wjx.cn/jq/25071510.aspx
ཁ་པར་དྲ་གནས། https://yongzin.wjx.cn/m/25071510.aspx


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1