བོད་ལྗོངས་ཀྱིས་ཉིས་སྟོང་བཅོ་ལྔ་ལོར་ཐང་གའི་འབྲེལ་ཡོད་གནད་དོན་ལ་ས་གནས་རང་གི་ཚད་གཞི་ནན་མོ་གཏན་འབེབས་བྱེད་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02


བོད་ལྗོངས་ཐང་གའི་མཛེས་རིས་གླིང་གི་གླིང་གཙོ་ནོར་བུ་སྲི་ཐར་ལགས་ཀྱིས་བཅར་འདྲི་དང་ལེན་བྱེད་བཞིན་པ།
              ཉེ་ལམ། གསར་འགོད་པས་བོད་ལྗོངས་ཐང་གའི་མཛེས་རིས་གླིང་དུ་རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་ཀྱིས་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་ཏེ་ཐང་གའི་སྒྱུ་རྩལ་སྲུང་སྐྱོབ་དང་གོང་སྤེལ་གཏོང་ཆེད་ཐང་གའི་ལྷ་རིས་པའི་རིམ་འབྱེད་དཔང་ཡིག་གཏན་ལ་ཕབ་པར་མ་ཟད། ཉིས་སྟོང་བཅོ་ལྔ་ལོར་ཐང་གའི་འབྲེལ་ཡོད་གནད་དོན་ལ་ས་གནས་རང་གི་ཚད་གཞི་ནན་མོ་གཏན་འབེབས་བྱེད་རྒྱུ་རེད་ལ། ཚད་གཞི་དེའི་ཁྲོད་གཙོ་བོ་བརྩམས་ཆོས་ཀྱི་སྒྱུ་རྩལ་རིམ་པ་དང་། བརྩམས་ཆོས་གསར་རྩོམ་གྱི་གོ་རིམ་གྱི་ཚད་ལྡན་རང་བཞིན། བརྩམས་ཆོས་གསར་རྩོམ་བྱེད་པ་སོགས་ལ་ཚད་གཞི་ནན་མོ་ཞིག་གཏན་འབེབས་བྱ་རྒྱུ་རེད། དེའི་མཚུངས་སུ་ཐང་གའི་ལྷ་རིས་པ་གྲགས་ཅན་གྱི་བརྩམས་ཆོས་ལ་རྫུན་འགོག་སྲུང་སྐྱོབ་བྱས་ཏེ་ཐང་གའི་སྒྱུ་རྩལ་ལ་དགའ་མོས་ཡོད་མཁན་རྣམས་ཀྱིས་ཐང་གའི་སྒྱུ་རྩལ་བརྩམས་ཆོས་རྣལ་མ་བསྡུ་ཉར་བྱེད་ཐུབ་པར་ཁག་ཐེག་བྱ་རྒྱུ་རེད།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1