སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་གི་ཕུན་ཚོགས་ཁྲོམ་ར།

རྩོམ་སྒྲིག་པ།ཡོང་ཁུངས།སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། སྤེལ་དུས། 09-21


        ཟླ་9པའི་ཚེས་18ཉིན།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་ཕུན་ཚོགས་ཁྲོམ་ར་ལས་གཉེར་བྱེད་འགོ་ཚུགས།  ཁྲོམ་ར་དེས་བོད་ཀྱི་འཛུགས་སྐྲུན་གཞི་རྟེན་དུ་བྱས་པ་དང་ས་གནས་དེ་གའི་བོད་རིགས་ཀྱི་ཐུན་མོང་མ་ཡིན་པའི་མི་རིགས་ཁྱད་ཆོས་རྒྱུན་འཛིན་དང་དར་སྤེལ་བྱས་ནས་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་གྱི་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་ཞིག་ཏུ་གྱུར་ཡོད།
        རྡོ་མཁར་རྫོང་ཕུན་ཚོགས་ཁྲོམ་རའི་མཛེས་ལྗོངས།
        རྡོ་མཁར་རྫོང་ཕུན་ཚོགས་ཁྲོམ་ར་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་གི་བྱང་སྒོའི་འགྲམ་ཡོད་པ་དང་། ཁྲོམ་ར་དེར་བོད་ཀྱི་ལྡེབས་བྲིས་དང་ཤིང་བརྐོ  དེ་མིན་ཉི་ཤར་རྫ་ནག་དང་སྟོན་པའི་ཤོག་བཟོ།   མ་ཎི་རྡོ་བརྐོ་སོགས་ཡོད་དེ། ཁྲོམ་ར་དེས་བོད་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དེ་གཙོ་བོར་བྱས་པ་དང་། བོད་ཁུལ་གྱི་དངོས་མིན་རིག་གནས་ཤུལ་བཞག་དང་བོད་ཀྱི་རིག་གནས་ཡུལ་སྲོལ་གྱི་ཁྲོམ་ར།   སྐར་རྡོ་རིམ་སྤེལ་གྱི་མགྲོན་ཁང་།  སེམས་ཀྱི་ཉི་ཟླ་དང་འཕྲད་པ་ཞེས་པའི་འཁྲབ་སྟོན་སོགས་སྡེབ་སྒྲིག་བྱས་ནས།  ཡུལ་སྐོར་བ་རྣམས་ལ་བོད་ཀྱི་རིག་གནས་ཉམས་ཞིབ་བྱེད་ས་ཞིག་མཁོ་སྤྲོད་བྱེད་པ་རེད།


        རྡོ་མཁར་རྫོང་ཕུན་ཚོགས་ཁྲོམ་རའི་ལས་གཉེར་བྱེད་འགོ་ཚུགས་པའི་མཛད་སྒོའི་ཐོག་གི་རིག་རྩལ་འཁྲབ་སྟོན།

        རྡོ་མཁར་རྫོང་ཕུན་ཚོགས་ཁྲོམ་རར་ད་དུང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3300ལྷག་གི་ཟློས་གར་གླིང་ཞིག་འཛུགས་ཡོད་པ་དང་།   མིག་སྔར་སེམས་ཀྱི་ཉི་ཟླའི་གླུ་བྲོའི་ཟློས་གར་འཁྲབ་སྟོན་གཅིག་པུ་སེམས་ཀྱི་ཉི་ཟླ་དང་འཕྲད་པ་ཞེས་པ་གསར་རྩོམ་བྱེད་དེ།  འཁྲབ་སྟོན་དེ་ནི་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་གར་སྟེགས་ཐོག་གི་མཛེས་ལས་ཀྱི་སྤྱི་ཁྱབ་ཇུས་འགོད་པ་ཧན་ལི་ཞུན་དང་།  ཀྲུང་གོའི་ཡུལ་སྐོར་འཁྲབ་སྟོན་གྱི་ཇུས་འགོད་འཁྲབ་གཞུང་གི་རྩོམ་པ་པོ་གྲགས་ཅན་དབྱང་ཏེ་ཡུས།  ཀྲུང་གོའི་ཡུལ་སྐོར་འཁྲབ་སྟོན་གསར་གཏོད་ཚོགས་པའི་སྤྱི་ཁྱབ་འཁྲབ་ཁྲིད་པ་ལི་ན་སོགས་སྒྱུ་རྩལ་པ་གྲགས་ཅན་དག་གིས་མཉམ་དུ་བཞེངས་སྐྲུན་བྱེད་པའི་བོད་ཡུལ་གྱི་གོམས་སྲོལ་འཁྲབ་སྟོན་ཞིག་ཡིན།  འཁྲབ་སྟོན་དེས་སེམས་ཀྱི་ཉི་ཟླའི་བོད་ཀྱི་རིག་གནས་བླ་སྲོག་ཏུ་བྱས་པ་དང་སེམས་ཀྱི་ཉི་ཟླའི་དུས་ཚིགས་བཞིའི་འགྱུར་ལྡོག་གཙོ་ཐིག་ཏུ་བྱས་པ།  འཁྲབ་སྟོན་ཡོངས་སུ་རྩྭ་ཐང་དང་གནས་རི།  དགོན་པ།  གནའ་གྲོང་སོགས་སེམས་ཀྱི་ཉི་ཟླའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་སྣ་ཚོགས་ལྟད་མོ་བ་རྣམས་ཀྱི་མིག་ལམ་དུ་སྟོན་པ་རེད།  འཁྲབ་སྟོན་དེ་ཅི་ཉི་སིའི་འཛམ་གླིང་ཟིན་ཐོ་ནང་གི་འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་མཐོ་ཚད་ཆེས་མཐོ་བའི་གླུ་བྲོའི་ཟློས་གར་འཁྲབ་སྟོན་(ཁང་པའི་ནང)ཞེས་པར་ཚུད་པ་རེད། 


སེམས་ཀྱི་ཉི་ཟླ་དང་འཕྲད་པ་ཞེས་པའི་འཁྲབ་སྟོན་གྱི་ལེ་ཚན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1