ཀུ་ཤུ་ཆུན་པོས་ཟླ་གོར་ལས་ནས་ཟླ་མཆོད་དུས་ཆེན་བསུ།

བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-25


        ཟླ་9པའི་ཚེས་23ཉིན། ཀྲུང་གོ་བཙན་ལྷའི་སྐབས་གསུམ་པའི་ཀུ་ཤུ་ཏོག་པའི་དུས་སྟོན་ཏེ་སྐབས་དང་པོའི་ཀྲུང་གོའི་ཞིང་བའི་ལོ་ལེགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་མཛད་སྒོ་རྫོང་དེ་གའི་ཝོ་རི་གྲོང་རྡལ་ནས་གཟབ་རྒྱས་ངང་སྤེལ།

       

         སྔ་དྲོའི་ཆུ་ཚོད་བརྒྱད་ཀྱི་སྟེང་། ཝོ་རི་གྲོང་རྡལ་གྱི་སིལ་ར་ཞིག་ནས་དགོད་སྒྲ་ཁྱབ་ཡོང་ལ། གནས་དེ་ན་མཐོ་སྒང་གི་སིལ་ཏོག་མྱོང་རོལ་བྱ་འགུལ་སྤེལ། 

        སྔ་དྲོའི་ཆུ་ཚོད་བཅུའི་སྟེང་། ཞབས་བྲོ་དྲི་ཞིམ་ཀུ་ཤུ་ཞེས་པའི་འཁྲབ་སྟོན་གྱི་མགོ་དངོས་སུ་བརྩམས་ཤིང་། དེ་ནས་མུ་མཐུད་དུ་སེམས་གཏམ་དང་། སྟོན་བསྡུའི་གླུ། རྒྱལ་རོང་བུ་མོ་སོགས་གླུ་གར་སྣ་ཚོགས་ཀྱིས་ལྟད་མོ་བས་ཡིད་སེམས་རབ་ཏུ་བཀུག

        ཨ་ལི་པ་པ་ཡིས་རྔ་བ་ཁུལ་གྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་མཁོ་སྤྲོད་ཕྲེང་འབྲེལ་དང་། བའོ་ཨར་མ་ཉོ་སྒྲུབ་པུའུ། ཀོང་ཀྲོའུ་སྐམ་ས་ཆེན་མོའི་གླིང་གི་ཞིང་ལས་ཀུང་སི་བཅས་དང་བཙན་ལྷ་རྫོང་ཞིང་ལས་ཅུས་ཀྱིས་2019ལོའི་བཙན་ལྷའི་ཀུ་ཤུ་ཕྱིར་འཚོང་གྲོས་མཐུན་ཡི་གེའི་སྟེང་མིང་རྟགས་འཁོད་པ་རེད། 

        ཀུ་ཤུའི་ཁ་དོག་དང་མངར་བཅུད། སྲ་ཚད། བྲོ་བ་སོགས་ཀྱི་དམིགས་ཚད་ཅི་རིགས་ཕྱོགས་བསྡུས་སྒོས་དཔྱད་ཞིབ་བྱས་པ་བརྒྱུད། མཐར་ཝོ་རི་གྲོང་རྡལ་བོར་རོམ་སྡེ་བའི་ཞེ་ཙུའུ་ལིའང་གིས་2018ལོའི་བཙན་ལྷའི་ཀུ་ཤུའི་རྒྱལ་བོ་ཡི་མིང་རྟགས་བླངས་ཤིང་། ཁོ་བོར་བསྟུད་མར་ལོ་གཉིས་ལ་བཙན་ལྷའི་ཀུ་ཤུའི་རྒྱལ་བོ་ཡི་མིང་རྟགས་ཐོབ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1