ནང་སོག་གི་ཨར་ཏོ་སི་རྫས་འགྱུར་བཟོ་ལས་ཁུལ་དུ་འདབ་ཆགས་རིགས་དཀོན་པོ་མང་པོ་ཞིག་ཤི་ཡོད་འདུག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-12


                ཁྲ་ཧན་ནོ་མཚོ་ཡི་ལྷོ་ཕྱོགས་བརྒྱུད་ནས་སོང་ན། མཚོ་འགྲམ་གྱི་རྩྭ་ཐོག་དང་བྱེ་མའི་ནང་། དེ་བཞིན་མཚོ་ངོགས་སུ་འདབ་ཆགས་རིགས་མང་པོ་ཞིག་གི་ཤི་རོ་མཐོང་ཐུབ། གསར་འགོད་པ་མཚོ་འགྲམ་བརྒྱུད་ནས་སྨི་300ཙམ་སོང་བའི་རིང་བྱ་བྱེའུ་ཡི་ཤི་རོ་200ལྷག་མཐོང་ཞིང་། ད་དུང་མཚོ་འགྲམ་གྱི་འདམ་ཆུའི་ནང་འཕག་འཚག་བརྒྱག་བཞིན་པའི་བྱའང་མཐོང་ཐུབ།
 
                 དེར་ཡོད་འབྲོག་པ་ཞིག་གིས་གསར་འགོད་པར་རྫས་འགྱུར་བཟོ་ལས་ཁུལ་གྱི་ཁྲོན་པ་ཞིག་བསྟན་ནས་བཤད་རྒྱུར། ཁོ་ཚོའི་ཁྲོན་པ་གཏིང་ཟབ་ལ་ཞེང་ཆེ་བས། ང་ཚོས་ཁོ་ཚོའི་དོ་ཡ་ཡོང་ས་མ་རེད་ཅེས་ཟེར།
  
               པུའུ་རི་ཀོའུ་ཏེ་ཡིས་ཆུ་སྦུག་སྒོ་ཕྱེས་རྗེས་སྐར་མ་འགའི་རྗེས་སུ་ཆུ་ཐོན་ཞིང་། ཅུང་ཙམ་ནས་ཡང་ཆུ་ཡོང་རྒྱུ་མེད་པར་གྱུར། ཁོས་དུས་ཡུན་རིང་ཙམ་སྒུག་རྗེས་ཡང་བསྐྱར་ཆུ་འཐེན་དགོས་ཀྱི་ཡོད།
 
                   སྔོན་ཆད་རྫས་འགྱུར་བཟོ་གྲྭའི་བཙོག་ཆུ་དག་ཀུན་གྱིས་མཐོང་སར་བཟོ་ཁུལ་གྱི་མཐའ་ཁའི་ཆུ་རྐ་བརྒྱུད་ཁྲ་ཧན་ནོ་མཚོ་རུ་ནང་དྲངས་ཡོད་ལ། ཆུ་རྐ་དེ་འབྲོག་པའི་རྩྭ་ར་བརྒྱུད་ནས་ཡོད་པས། འབྲོག་པ་མང་ཚོགས་ཀྱིས་ངོ་རྒོལ་རབ་དང་རིམ་པ་བྱས་རྗེས་ད་གཟོད་གནས་ཚུལ་འདི་འགོག་ཐུབ་ཙམ་བྱུང་ཡོད།
 
               རྫས་འགྱུར་གྱི་བཅོག་ཆུས་ཁྲ་ཧན་ནོ་མཚོ་ངོས་ཀྱི་ཁ་དོག་དམར་པོ་རུ་བསྒྱུར་ཡོད་ལ། སྦག་བཙོག་ཚབས་ཆེན་ཐེབས་པས་དྲི་ངན་གང་སར་ཁྱབ་པར་བྱེད། འཇིགས་སུ་རུང་བའི་མཚོ་འགྲམ་འདིར་འདབ་ཆགས་མང་པོ་ཞིག་གི་ཤི་རོ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1