༄༅།། ཕག་གསོའི་ལག་རྩལ་གསར་བ།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་གསར་འགྱུར་དྲ་བ། སྤེལ་དུས། 11-14



    1.ཕག་ཚང་ནང་སོག་ཕྱེ་བཏིང་དགོས། འཇར་མན་གྱི་ཞིང་བས་ཕག་གསོའི་ཐད་རྒྱ་ཁྱབ་ཏུ་སྤྱོད་པའི་ཐབས་ཤེས་ཤིག་ཡོད་པ་སྟེ་དེ་ཡང་ཕག་ཚང་ནང་མཐུག་ཚད་ལིའི་སྨི10ནས15ཡི་སོག་ཕྱེ་བཏང་བ་དང་ལྷན་དུ་ཕབས་རྩི་བསྲེས་ནས་སྙོལ་བ་དང་དགུན་དུས་ཕག་ཚང་ནང་དྲོད་སྲུང་གི་ནུས་པ་ཐོན་པ་དང་ཡང་ལུད་དགོས་མཁོ་ཆེ་བའི་སྐབས་སོག་ཕྱེ་སྙལ་མ་དེས་ཞིང་ལུད་བྱས་ཆོག གསོ་ལས་ཞིབ་འཇུག་མི་སྣས་ར་སྤྲོད་བྱས་པར་གཞིགས་ན་བྱ་ཐབས་འདི་སྤྱད་ནས་ཕག་གསོས་ན་དགུན་དུས་གནམ་གཤིས་གྲང་བའི་སྐབས་ཕག་ལ་དྲོད་སྲུང་གི་ནུས་པ་ཐོན་ཏེ་དགུན་དུས་ཕག་ལ་ནད་མི་ཕོག་པ་དང་ཕག་རྒྱགས་གསོའི་ཕན་ནུས་ལེགས་པོ་ཐོན་ཞིང་བྱ་ཐབས་ལ་ཕན་འབྲས་ཆེ་བས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་གི་ཕན་པ་ལྡན་ཡོད།
    2.དུས་རིམ་མང་བའི་གསོ་སྟེར་བྱ་ཐབས། ཡོ་རོབ་དང་ཨ་མེ་རི་ཁ་གླིང་གི་རྒྱལ་ཁབ་འགས་སྲོལ་རྒྱུན་གྱི་ཕག་གསོ་ཐབས་ནི་རྨང་གཞིའི་ཐོག་གཟན་ཆག་སྡེབ་སྦྱོར་བྱེད་གྲངས་མང་དུ་བཏང་བ་བརྒྱུད་དེ་གཟན་ཆག་གི་ཚད་ཕག་གི་སྐྱེ་འཚར་ལ་དགོས་ཚད་ཀྱི་འགྱུར་བ་བཞིན་དམ་པོར་བསྟུན་ནས་འགྱུར་བ་གཏོང་དགོས། དུས་རིམ་མང་བའི་གསོ་ཚགས་བྱ་ཐབས་ལ་རྨང་གཞིའི་མཉམ་བསྲེས་གཟན་ཆག་རིགས་གཉིས་སྦྱོར་དགོས་པ་སྟེ་གཅིག་ནི་འཚོ་བཅུད་ལྡན་ཚད་དམའ་ཙམ་གྱི་སྤྱིར་བཏང་མཉམ་བསྲེས་གཟན་ཆག་ཡིན།
    དེ་ཡང་ཕག་གི་སྐྱེ་སྲིང་འཚར་ལོངས་ཀྱི་དུས་རིམ་དང་ཕག་གི་ཆེ་ཆུང་། ཕག་རྒྱུད་མི་གཅིག་པའི་དོན་དངོས་ཀྱི་འཚོ་བཅུད་དགོས་མཁོར་གཞིགས་ནས་མཉམ་བསྲེས་གཟན་ཆག་རིགས་གཉིས་ཀྱི་བསྲེས་སྦྱོར་བསྡུར་ཚད་ལ་འགྱུར་བ་བཏང་བ་བརྒྱུད། འཚོ་བཅུད་ཀྱི་གྲུབ་ཆ་དང་ཆུ་ཚད་མི་འདྲ་བའི་གཟན་ཆག་སྦྱོར་བཟོ་བྱེད་དགོས། སྤྱིར་ན་ཕག་ཕྲུག་གི་དུས་རིམ་ལ་གཟའ་འཁོར་གཅིག་རེ་ལ་བསྲེས་སྦྱོར་གྱི་བསྡུར་བར་འགྱུར་བ་ཐེངས་རེ་གཏོང་ཞིང་དུས་རིམ་འདིར་གཙོ་བོ་འཚོ་བཅུད་ལྡན་ཚད་མཐོ་བའི་མཉམ་བསྲེས་གཟན་ཆག་སྤྱོད་དགོས། ཕག་གི་རུས་སྒྲོམ་ལོངས་པའི་དུས་རིམ་ལ་གཟའ་འཁོར3ནས4རེའི་མཚམས་སུ་བསྲེས་སྦྱོར་གྱི་བསྡུར་བར་འགྱུར་ལྡོག་རེ་གཏོང་དགོས་པར་མ་ཟད་ལུས་པོའི་ལྗིད་ཚད་འཕར་བ་དང་བསྟུན་ནས་འཚོ་བཅུད་ལྡན་ཚད་མཐོ་བའི་གཟན་ཆག་རིམ་བཞིན་ཉུང་འཕྲི་བྱས་ཏེ་ཕག་ཕྲུག་ནས་རྒྱགས་གསོ་བྱས་ཏེ་བཤས་ཁོངས་སུ་གཏོང་བའི་བར་ལ་ཧ་ལམ་གཟན་ཆག་བསྲེས་སྦྱོར་གྱི་འགྱུར་བ་ཐེངས7ཙམ་གཏོང་དགོས། གཟན་ཆག་སྟེར་ཐབས་འདིས་ཕག་པའི་འཚོ་བཅུད་ཀྱི་དགོས་མཁོ་ཅུང་གནད་ལ་འཁེལ་བའི་སྒོ་ནས་སྐོང་ཐུབ་པ་དང་གཟན་ཆག་གི་སྤྱོད་ཚད་གོང་མཐོར་གཏོང་ཐུབ་པས་ཕག་གསོའི་དཔལ་འབྱོར་གྱི་ཕན་འབྲས་མཐོ་རུ་གཏོང་ཐུབ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1