༄༅། །བོད་སྨན་ངོ་སྤྲོད། ༼༡༽

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-16


མུ་ཏིག་ཉེར་ལྔ།

སྦྱོར་བ།   མུ་ཏིག། ཁ་གུར། འབྲི་ཏ་ས་འཛིན།  གི་ལྦང་སོགས་སྨན་སྣ་ཉེར་ལྔས་གྲུབ།
ཕན་ནུས།  ཕྱི་ནང་རྩ་ནད་ཁ་མིག་ཡོ་ལ་འཕྲིག །དྲན་ཉམས་ལྐུགས་སམ་ཡང་ན་དབང་བོ་འཁྲུལ། །ཡན་ལག་བཤལ་སྦྲིད་ཚོར་མེད་ཉིང་ལག་འདར། །རེངས་འཁུམ་རྭ་ལྟར་དགྱེའམ་གཞུ་ལྟར་གུག །ཉམ་ཐག་དྲི་ཆུ་བླུགས་སམ་ཡང་ན་སྡོམ། །ཚ་གྲང་རྩ་དཀར་མ་ལུས་འཇོམས་པའི་མཆོག ། 
བསྟེན་ཚུལ།  ཉིན་རེར་ཐེངས་གཅིག   ཐེངས་རེར་རིལ་བུ་རེ་ཆུ་བསྐོལ་ནང་སྦངས་ལ་ཐོ་རེངས་དུས་སུ་བསྟེན་པའམ་ཡང་ན་སྨན་པའི་མངག་བཞིན་བསྟེན་པར་བྱ།
འཛེམ་བྱ།  མ་ཚོས་རྗེན་དང་ཁེང་པོའི་ཟས་རྣམས་དང་། །རི་སྒོག་ཆང་སྐྱུར་ལ་སོགས་སྤང་བར་བྱ༎ 
ལྗིད་ཚད།  རིལ་བུ་རེ་ལ་ཁེ་1དང་ཐུམ་རེར་རིལ་བུ་5ཡོད།
ཉར་ཚགས།   སྣོད་ཀྱི་ཁ་བཅད་དེ་བསིལ་གྲིབ་ལྡན་པའི་སྐམ་སར་འཇོག་དགོས།


བྱུར་དམར་ཉེར་ལྔ།

སྦྱོར་སྡེ།   བྱུ་རུ། གླ་རྩི། ཨ་རུ།  མུ་མེན་སོགས་སྨན་སྣ་ཉེར་ལྔས་གྲུབ༎
ཕན་ནུས།  རིན་ཆེན་འདི་ཡིས་མགོ་ཡི་ནང་རྩའི་ནད། །རྩ་དཀར་ཀླད་གཟེར་མགོ་འཁོར་གཉའ་རེངས་དང་། །ལྟག་པར་དགྱེ་གུག་བརྒྱལ་འཐིབས་མ་ལུས་སེལ༎
བསྟེན་ཚུལ།  ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་རེ་ཆུ་བསྐོལ་ནང་སྦངས་ལ་ཐོ་རེངས་དུས་སུ་བསྟེན་པའམ་ཡང་ན་སྨན་པའི་མངག་བཞིན་བསྟེན་པར་བྱ།
འཛེམ་བྱ།  མ་ཚོས་རྗེན་དང་ཁེང་པོའི་ཟས་རྣམས་དང་། །རི་སྒོག་ཆང་སྐྱུར་ལ་སོགས་སྤང་བར་བྱ༎ 
ལྗིད་ཚད། རིལ་བུ་རེ་ལ་ཁེ་1དང་ཐུམ་རེར་རིལ་བུ་5ཡོད།
ཉར་ཚགས།  སྣོད་ཀྱི་ཁ་བཅད་དེ་བསིལ་གྲིབ་ལྡན་པའི་སྐམ་སར་འཇོག་དགོས།

 

གཡུ་རྙིང་ཉེར་ལྔ།

སྦྱོར་བ།  གཡུ་དང་བྱུ་རུ།  གླ་རྩི།  ཁ་གུར་སོགས་སྨན་སྣ་ཉེར་ལྔས་གྲུབ། 
ཕན་ནུས།  ལེབ་རྒན་རྒྱས་དང་ལྡན་འདུས་དུག་ཐབས་དང་། །ཆུ་ཤོར་རྐུན་བུ་འོར་ལྷུང་ཁ་ལུད་དང་། །གཞུང་རེངས་མཆིན་གྲུམ་ནག་པོ་ཧལ་སྐེམས་སོགས། །བཅོ་བརྒྱད་ནད་སེལ་་དཔོན་ཚང་ཛ་ནའིལུགས། །

བསྟེན་ཚུལ།  ཉིན་རེར་ཐེངས་གཅིག   ཐེངས་རེར་རིལ་བུ་རེ་ཆུ་བསྐོལ་ནང་སྦངས་ལ་ཐོ་རེངས་དུས་སུ་བསྟེན་པའམ་ཡང་ན་སྨན་པའི་མངག་བཞིན་བསྟེན་པར་བྱ།
འཛེམ་བྱ། མ་ཚོས་རྗེན་དང་ཁེང་པོའི་ཟས་རྣམས་དང༌། །རི་སྒོག་ཆང་སྐྱུར་ལ་སོགས་སྤང་བར་བྱ།།
ལྗིད་ཚད།  རིལ་བུ་རེ་ལ་ཁེ་1དང་ཐུམ་རེར་རིལ་བུ་5ཡོད།
ཉར་ཚགས།  སྣོད་ཀྱི་ཁ་བཅད་དེ་བསིལ་གྲིབ་ལྡན་པའི་སྐམ་སར་འཇོག་དགོས།


དབང་རིལ་ཉེར་ལྔ།

སྦྱོར་  དབང་བོ་རིལ་བུ།  ཁྱུང་སྐྱུགས། ཆར་ཉུང་ཁན་དྲ། ཁ་གུར་སོགས་སྨན་སྣ་ཉེར་ལྔས་གྲུབ། 
ཕན་ནུས།  དུག་ནད་གསར་པ་རྙིང་བ་དང༌། །ཚད་པ་རྙིང་བ་རྣམས་ལ་ནི། །སྡུད་དང་གསོད་དང་འཇོམས་པར་བྱེད། །འདི་ལས་ཟབ་པ་གཞན་ན་མེད། །དུག་རིགས་སྤྱི་དང་ཁྱད་པར་དུ། ། སྨུག་པོ་དུག་ཐབས་གསོ་དཀའ་ལ། །རྒྱུན་རིང་བསྟེན་ན་ཕན་པ་ཆེ། །
བསྟེན་ཚུལ།  ཉིན་རེར་ཐེངས་གཅིག   ཐེངས་རེར་རིལ་བུ་རེ་ཆུ་བསྐོལ་ནང་སྦངས་ལ་ཐོ་རེངས་དུས་སུ་བསྟེན་པའམ་ཡང་ན་སྨན་པའི་མངག་བཞིན་བསྟེན་པར་བྱ།
འཛེམ་བྱ། མ་ཚོས་རྗེན་དང་ཁེང་པོའི་ཟས་རྣམས་དང༌། རི་སྒོག་ཆང་སྐྱུར་ལ་སོགས་སྤང་བར་བྱ།  
ལྗིད་ཚད།  རིལ་བུ་རེ་ལ་ཁེ་1དང་ཐུམ་རེར་རིལ་བུ་5ཡོད།
ཉར་ཚགས།  སྣོད་ཀྱི་ཁ་བཅད་དེ་བསིལ་གྲིབ་ལྡན་པའི་སྐམ་སར་འཇོག་དགོས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1