ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་ཞུན་ཐ་མཚོ་འགག་ནས་རྒྱ་མཚོ་འཕྱུར་བའི་གནོད་འཚེ་ཐེབས་པའི་ཐད་ནས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁི་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 12-25


        ཟླ་བཅུ་གཉིས་པའི་ཚེས་ཉེར་བཞིའི་ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་ཞུན་ཐ་མཚོ་འགག་ཉེ་འགྲམ་ནས་རྒྱ་མཚོ་འཕྱུར་བའི་གནོད་འཚེ་ཐེབས་པའི་ངོས་ཐད་ནས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁི་ལ་འཚམས་འདྲིའི་གློག་འཕྲིན་བཏང་། ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་བསྟན་དོན། ཧིན་རྡུ་ཉི་ཞི་ཡའི་ཞུན་ཐ་མཚོ་འགག་ནས་གློ་བུར་དུ་རྒྱ་མཚོ་འཕྱུར་བའི་གནོད་པ་བྱུང་སྟེ། མི་སྣར་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་ཐེབས་པ་དང་། ངས་འདི་ནས་སེམས་བརྩེ་བའི་ངང་ནས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས། ང་རང་ཉིད་བཅས་ཀྱི་མིང་སྟེང་ནས་ཙུང་ཐུང་ཁྱེད་དང་ཁྱེད་རང་བརྒྱུད་ནས་གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོ་རྣམས་ལ་སེམས་གཏིང་ནས་མྱ་ངན་ཞུས་པ་ཡིན་ལ། འདས་པོའི་ཁྱིམ་མི་དང་རྨས་མ། གནོད་ཁུལ་གྱི་མི་དམངས་བཅས་ལ་སྙིང་ཐག་པ་ནས་འཚམས་འདྲི་བྱས་པ་ཡིན། ཧིན་རྡུ་ཉི་ཞི་ཡ་ནི་ཀྲུང་གོ་རྒྱལ་ཁབ་ཀྱི་ཁྱིམ་མཚེས་བཟང་བོ་ཡིན་ལ། ཧིན་རྡུ་ཉི་ཞི་ཡའི་མི་དམངས་ལ་གནོད་འཚེ་ཐེབས་པར་ང་ཚོས་ཀྱང་སེམས་ཁུར་བྱེད་བཞིན་ཡོད། ཙུང་ཐུང་ཁྱེད་དང་ཁྱེད་རྒྱལ་ཁབ་སྲིད་གཞུང་གི་འགྱུར་མེད་འགོ་ཁྲིད་འོག་ཏུ། ཧིན་རྡུ་ཉི་ཞི་ཡའི་མི་དམངས་དཀའ་ཁག་སྣ་ཚོགས་ལས་རྣམ་པར་རྒྱལ་ཏེ་སྔ་མོ་ནས་ཁྱིམ་གཞིས་བསྐྱར་འཛུགས་བྱེད་ཐུབ་པར་ང་རང་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1