ཡུས་ཀྲེན་ཧྲེང་གིས་ལྷག་བསམ་རྣམ་པར་དག་པས་ཤིན་ཅང་དང་བོད་ཀྱི་ནང་སའི་སློབ་མའི་སློབ་གསོ་གསོ་སྐྱོང་ལས་དོན་ཡག་པོ་བསྒྲུབ་དགོས་ཞེས་ནན་གསུང་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-18


                ཉེ་ཆར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེན་ཧྲེང་གིས་ཧྲན་ཏུང་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཀྲུང་དབྱང་གི་ཤིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ལྷག་བསམ་རྣམ་པར་དག་པས་ཤིན་ཅང་དང་བོད་ཀྱི་ནང་སའི་སློབ་མའི་སློབ་གསོ་གསོ་སྐྱོང་ལས་དོན་ཡག་པོ་བསྒྲུབ་དགོས། ཀྲུང་དབྱང་གིས་ཁ་གཏད་ཤིན་སྐྱོར་དང་བོད་སྐྱོར་ལས་དོན་བཀོད་སྒྲིག་གནང་བ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། མི་རིགས་བར་གྱི་བརྩེ་བ་ཇེ་ཟབ་ཏུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་ཆེད་དང་དེ་བཞིན་མི་རིགས་ཁག་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ཆེད་དུ་སྟོབས་ཤུགས་ཧུར་ཐག་འབུལ་དགོས་ཞེས་ནན་གསུང་གནང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1