དགུན་དུས་འདིར་གནང་བའི་བརྩེ་བའི་དྲོད་ཁོལ།

མུང་པའོ་དང་ཨོ་རྒྱན་བཀྲ་ཤིས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-04


ཀྲུང་གོའི་ནང་བསྟན་མཐུན་ཚོགས་དང་ནང་བསྟན་དགོན་ཁག་བརྒྱ་ཡི་ཐེབས་རྩ་གཉིས་ཀྱིས་རང་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་གི་གྲྭ་བ་དང་ཇོ་མོ་དག་ལ་དགུན་གོས་གནང་བ། 
   ཟླ་12པའི་ཚེས་28ཉིན། ཀྲུང་གོའི་ནང་བསྟན་མཐུན་ཚོགས་དང་ནང་བསྟན་དགོན་ཁག་བརྒྱ་ཡི་ཐེབས་རྩ་གཉིས་ཀྱིས་བརྩེ་བའི་དགུན་གོས་གནང་བ་ཞེས་པའི་བྱམས་བརྩེའི་བྱེད་སྒོ་སྤེལ་ཏེ། རྔ་བ་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་གི་གྲྭ་བ་དང་ཇོ་མོ་དག་ལ་དགུན་གོས་གནང་བའི་བྱེད་སྒོ་རྔ་བ་ཁུལ་ནང་བསྟན་མཐུན་ཚོགས་ནས་སྤེལ།  
   བྱ་འགུལ་འདིའི་ཁྲོད་དུ། ཧྲང་ཧའེ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། ཧྲང་ཧའེ་ཅིན་ཨན་དགོན་པའི་ཆོས་དཔོན་ཧྥང་ཀྲང་ཧུའེ་མིང་གི་མཛུབ་སྟོན་འོག ཀྲུང་གོའི་ནང་བསྟན་མཐུན་ཚོགས་དང་ནང་བསྟན་དགོན་ཁག་བརྒྱ་ཡི་ཐེབས་རྩ་གཉིས་ཀྱིས་རང་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་གི་གྲྭ་བ་དང་ཇོ་མོ་དག་ལ་དགུན་གོས་1600ལྷག་གནང་སྟེ། འབྱོར་འཁོས་ཞན་པའི་གྲྭ་བ་དང་ཇོ་མོ་དག་ལ་དགུན་དུས་དྲོད་ཀྱིས་སྐྱེལ་བར་བྱས།  
   ཞལ་འདེབས་འབུལ་བའི་བྱེད་སྒོའི་སྟེང་དུ། ཆོས་དཔོན་ཡ་ཡུན་གྱིས་ཀྲུང་གོའི་ནང་བསྟན་མཐུན་ཚོགས་དང་ནང་བསྟན་དགོན་ཁག་བརྒྱ་ཡི་ཐེབས་རྩ་གཉིས་ཀྱི་ཚབ་བྱས་ནས་གཏམ་བཤད་སྤེལ། ཁོང་གིས་བཤད་རྒྱུར། ཐེངས་འདིའི་བྱེད་སྒོས་གྲངས་ཉུང་མི་རིགས་ས་ཁུལ་གྱི་འཁོས་ཞན་པའི་གྲྭ་བ་དང་ཇོ་མོ་དག་ལ་དགུན་དུས་དྲོད་ཀྱིས་རོལ་ཐུབ་ཅིང་། ལྷག་པར་དུ་ཆོས་ལུགས་ཁག་གི་འཆམ་མཐུན་ལ་སྐུལ་སློང་བྱས་ནས་ནང་བསྟན་ཆོས་ལུགས་འཕེལ་རྒྱས་སུ་འགྲོ་བར་སྐུལ་མ་བྱ་དགོས་ཟེར། སྟག་ཚ་སྤྲུལ་སྐུ་སྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོས། ཁུལ་ཡོངས་ཀྱི་ནང་བསྟན་ཆོས་ལུགས་ཀྱི་ཚབ་བྱས་ནས། ཀྲུང་གོའི་ནང་བསྟན་མཐུན་ཚོགས་དང་ནང་བསྟན་དགོན་ཁག་བརྒྱ་ཡི་ཐེབས་རྩ་གཉིས་ལ་བཀའ་དྲིན་ཞུས་ཤིང་། ཆོས་དཔོན་ཡ་ཡུན་ལ་རང་ཁུལ་གྱི་ཆོས་ལུགས་རིག་གནས་རིམ་པར་ངོ་སྤྲོད་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1